| | e-texts navigator
|
65b1 བཀའ་སྩལ་པ་དེའི་དོན་ཅི་ལགས།བཅོམ་ལྡན་འདས་བདག་ནི་ཆོས་གླེངས་པ་འདི་རྟོགས་པར་འཚལ་ན།བཅོམ་ལྡན་འདས་ཀྱིས་ཚིག་འདྲི་དྷི་ལྟ་བུ་ལགས་པ་རྒྱས་པར་བླ་ཤང་དུ་གསོལ
65b2 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཆོས་ཉིད་ཅེས་བྱ་བ་ནི་ལུས་ཡོངས་སུ་འདོར་བ་སྟེ།ལུས་ཡོངས་སུ་འདོར་བ་ཞེས་བྱ་བ་དེ་ནི་སྤང་བའི་ཚི་ག་ཡིན་པར་ཤེས་པར་གྱིས་ཤིག
65b3 གསོལ་པ།དེ་བཞིན་གཤེགས་པས་སྐུ་བོར་ནས་སླར་ཡོང་སུ་ཡོན་ཏམ་མི་ཡིན་པ་བདག་ཞུ་ལྤགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག
65b4 འདི་ནི་ཆོས་ཉིད་དཔྱོད་པ་ཡིན་ཏེ།རིགས་ཀྱི་བུ་དཔེར་ན་འདུ་ཤེས་མེད་པ་རྣམས་ལ་གཟུགས་ཀྱི་ཕུང་པོ་དྲང་།འདུ་ཤིས་ཀྱི་ཕུང་པོ་གཉིས་མེད་ན་སེམས་ཅན་དེ་དག་ཇི་ལྟར་གནས།།
65b5 ལྟར་གདའ།ཇི་ལྟར་སྣང་།དེ་དག་གི་འདུ་ཤེས་ཇི་ལྟར་འཇུག་ཅེས་འདྲི་བ་འདི་ནི་སངས་རྒྱས་ཀྱི་ཡུལ་ཡིན་ནོ།།རིགས་ཀྱི་བུ་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་གཟུགས་དང་།གནས
65b6 དང་སྤྱོད་ལམ་དྲང་བདེ་བ་རྣམས་ཇི་ལྟར་བསྟན་པར་བྱ་ཞེས་ཕྱིན་ཆེད་དེ་སྐད་མ་འདྲི་ཞིག།འདི་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ཏེ།འད་ན་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན།
65b7 ནོ།།རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་ནི་སངས་རྒྱས་འབའ་ཞིག་གི་ཡུལ་ཡིན་གྱི།ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།།དེ་བཞིན་གཤེགས་པ་གང་།
iiif viewer powered by OpenSeadragon
65a - 66a