e-texts navigator
Collection
Volume
Page
Wylie

65a1 ཊཱིག་གི་རྗེས་སུ་མཐུན་གྱི།འཇིག་རྟེན་པཆོམ་ཤོད་དང་འདྲ་བ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་སྒྲ་དང་རྟགས་ཀྱིས་གནས་ཀྱང་ཐོབ་པར་མི་འགྱུར་རོ།།
65a2 བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་ཁྱིམ་བདག་རིན་པོ་ཆེ་བཞིན་དུ་དམ་པའི་ཆོས་ཀྱི་བ་ལང་གི་ལྷས་ཉམས་སུ་ལེན་པར་བྱེད་དེ།།སེམས་ཅན་བསོད་ནམས་དང་ལྡན
65a3 པ་རྣམས་ཀྱི་དོན་དུ་ཆོས་ཀྱི་འོ་མ་འཛེ་བར་བྱེད་དོ།།རིགས་ཀྱི་བུ་རྒྱུ་དེས་ནི་དེ་བཞིན་གཤེགས་པ་རྟག་པ་དང་།བརྟན་པ་དང་ཐོར་ཟུག་པ་ཡིན་ལ།འཇིག་རྟེན་པ་རྣམས་ལ་ནི
65a4 རྟག་པའི་ཆོས་མེད་དེ།རྟག་པའི་སྒྲ་དོན་དེ་བཞིན་གཤེགས་པ་སངས་རྒྱས་རྣམས་འབའ་ཞིག་ལ་ཡོད་ཅེས་ངཟེར་རོ།།ད་ལྟར་ནི་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་རྣམས་ཀྱི
65a5 སངས་རྒྱས་བཅོམ་ལྡན་འདས་ནི་རྟག་པའོ།།སངས་རྒྱས་བཅོམ་ལྡན་འདས་ནི་ཐེར་ཟུག་པའོ་ཞེས་དེ་ལྟར་ཤེས་པར་གྱིས་ཤིག།སེམས་ཅན་གང་དྲུག་རྟག་ཅེས་བྱ་བའི་ཡི་གེ
65a6 གཉིས་སྒོམ་པ་དེ་དགེ་ནི་རིང་པོ་མི་ཐོགས་པ་ཁོ་ན་ངའི་གོ་འཕང་དང་ལྷག་ཆད་མེད་པ་ཐོབ་པར་འགྱུར་རོ།།རིགས་ཀྱི་བུ་གང་གི་ཚེ་རྟག་གོ་ཞེས་བྱ་བའི་ཡི་གེ་གཉིས་སྒོམ་པ་ནུབ་པར
65a7 འགྱུར་བ་དེའི་ཚེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ།དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།།གསོལ་པ།སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཅེས




iiif viewer powered by OpenSeadragon

64b - 65b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo