e-texts navigator
Collection
Volume
Page
Wylie

64b1 བུ་ཡིན་པའང་མི་ཤེས།གཞན་གྱི་ཆུང་མ་སྤང་བ་ཇི་ལྟ་བུ་ཡིན་པའང་མི་ཤེས།རྟག་པ་ཇི་ལྟ་བུ་ཡིན་པའང་མི་ཤེས་སོ།།དེ་ལ་སངས་རྒྱས་ཀྱི་སྤྲུལ་པ་ནི་མི་རྟག་པ་ཡིན།བརྫུན
64b2 པ་ཡིན་ཏེ།དེས་ན་འཇིག་རྟེན་པ་རྣམས་དེ་བཞིན་གྲཤེགས་པ་མི་རྟག་གོ་མི་བརྟན་ནོ་སྙམ་དུ་འཛིན་ཏེ།དེ་བས་ན་མི་རྟག་པའི་གཉེན་པོར་དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བ
64b3 ལ་བརྩོན་པར་བྱའོ།།རིགས་ཀྱི་བུ་དེ་ནས་བ་ལྡང་གི་ལྷས་དེའི་སྐལ་བ་ཅན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ལ་ཆོམ་ཤོད་པ་དེ་དག་གིས་ཀྱང་འཁོར་ལོས་སྒྱུར་བའི
64b4 རྒྱལ་པོའི་བསོད་ནམས་ཀྱི་མཐུས་དེ་བ་ལང་གཅིག་ཀྱང་མེད་པར་མི་བྱེད་དོ།།དེ་ནས་ནགས་ནི་རྒྱུ་བའི་ཆོམ་ཤོད་པ་དེ་དག་གིསེ་བ་ལང་གི་ལྷས་དེ་པོར་དེ་འགྲོ་བར་འགྱུར་རོ།།དེ་ནས
64b5 འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་རིན་པོ་ཆེས་བ་ལང་གི་ལྕེས་དེ་ཉམས་སུ་ལེན་པར་འགྱུར་ཏེ།ཁྱིམ་བདག་རིན་པོ་ཆེ་དེས་རང་གི་ཟློས་པ་ལང་གི་ལྷས་དེའོ་འོ་མཱའི་དེ་ཁོ་ན
64b6 ཉིད་ཀྱི་ཐབས་ཤེས་པར་འགྱུར་ལོ།བ་རྣམས་ཀྱི་འོ་མའང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱིས་ཉིས་འགྱུར་དུ་བཞོར་ཡོད་པར་འགྱུར་བ་དེ་བཞིན་དུ་ཆོས་ཀྱི་འཁོར་ལོས
64b7 སྦྱར་བའི་སངས་རྒྱས་འཇིག་རྟེན་དུ་བྱུང་ནས།བ་ལང་གི་ལྷས་དང་འདྲ་བའི་འཇིག་རྟེན་པ་ཐམས་ཅད་ཡོངས་སུ་འཛིན་པར་མཛད་པས་ན་རྟག་པའི་སྒྲ་ནི་དེ་བཞིན་གཤེགས་པ་འབའ




iiif viewer powered by OpenSeadragon

64a - 65a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo