| | e-texts navigator
|
64a1 ལས་འདས་པའི་འོག་ཏུ་འཇིག་རྟེན་པ་ཆོམ་ཤོད་དང་འདྲ་བ་རྣམས་ཀྱིས་ཀྱང་ཚུལ་ཁྲིམས་དང་ཆོ་ག་དང་འདུལ་བ་དང་།སྤྱོད་ཡུལ་རྣམས་དང་།སེམས
64a2 ཅན་གྱི་ཁམས་རྣམས་གུད་དུ་བསྒྱུར་ནས་སེམས་ཅན་ཡོད་དོ།།སྲོག་ཡོད་དོ།།གང་ཟག་ཡོད་དོ་སྙམ་དུ་སེམས་ཤིང་ཐར་པ་ནི་འདི་ལྟ་བུ་ཞིག་གོ།སྤྱོད་པ་ནི་འདི་ལྟ་བུ་ཞིག་གོ།
64a3 སྙམ་ནས་སྤྱོད་པ་དང་།སེམས་ཅན་དང་།ཐར་པ་དང་རྟག་པ་དང་།དེ་ཁོ་ན་ཉིད་མ་ཤེས་ཏེ།དྲིན་གཞན་ལ་བརྩོན་པས་ཐར་པའང་མཱི་ཐོབ་ལ།ཚུལ་ཁྲིམས་དང་ཆོ་ག
64a4 དང་སྤྱོད་ཡུལ་དང་འདུལ་བ་དང་རྟག་པ་དང་དེ་ཁོ་ན་ཉིད་ཀྱང་མི་རྙེད་དེ།མི་རྒོད་ཀྱི་མར་བཞིན་དུ་འཇིག་རྟེན་པ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་མི་འཐོབ་ལ།དེ་དག་སེམས་ཅན
64a5 ཚངས་པས་སྤྲུལ་པ་ནི་རྟག་གོ་སྙམ་དུ་འཛིན་ཅིང་བདག་གི་ནི་ཐར་པ་ཡིན་ནོ་སྙམ་དུའང་འཛིན་ལ།ཆོམ་ཤོད་པ་རྣམས་ཀྱི་འོ་མ་བཞིན་དུ་དེ་ཁོ་ན་ཉིད་ནི་མི་ཤེས་སོ།།དེ་དག་ཚངས
64a6 པར་སྤྱོད་པའི་རྒྱུ་དང་།གཞན་གྱི་ཆུང་མ་སྤངས་པའི་རྒྱུ་དང་།ཕ་མ་ལ་ཕུ་དུད་བྱས་པའི་རྒྱུས་ན།ཆོམ་ཤོད་པ་རྣམས་ཀྱི་འོ་མ་མ་རུང་པའི་ལྷག་མ་ཙམ་ཞིག་ཡོད་པ་བཞིན་དུ
64a7 མཐོ་ངོས་ཀྱི་བདེ་བ་ཤས་ཤེས་ཙམ་ཞིག་ཐོབ་སྐྱེ་ལོངས་སྤྱོད་པར་བྱེད་ལ།དེ་དག་གིས་ཕ་མ་ལ་ཕུ་དུད་བྱ་བ་ཇི་ལྟ་བུ་ཡིན་པའང་མི་ཤེས།གསུམ་ལ་སྐྱབས་སུ་འགྲོ་བ་ཇི་ལྟ
iiif viewer powered by OpenSeadragon
63b - 64b