| | e-texts navigator
|
63b1 པར་འགྱུར་ལགས་སོ།།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མད།།བམྦུ་པོ་བཞི་ག།བཅོམ་ལྡན་འདས་ཀྱིས་བཀའ་སྩལ།
63b2 བ།རིགས་ཀྱི་བུ་དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་གཅིག་ལ་བ་ལང་སྣ་ཚོགས་སུ་མདོག་དུ་མ་རིགས་དང་རྒྱུད་མང་པོ་ཁྱུ་གཅིག་ཅིང་ལྷས་གཅིག་པ་དུ་མེ་བྱེ་བ་སྙེད་ཡོད་ལ།དྲིས
63b3 བབུལང་དེ་དག་བ་ལང་རྫིའི་ལག་ཏུ་གཏད་དེ་མར་ཞིམ་པོ་ཟ་ལ།བ་ལདྲི་རྫི་རྣམས་ཀྱང་ལྕེས་སྐྱོང་ཞིང་ཞོ་དང་འོ་མོ་བསྲུབ་པ་ལས་ཕྱི་ཞིག་ན་བ་ལང་གྲི་བདག་པོ་དེ་རང་གི་ཚེ་ཟད་ནས་དྲིན
63b4 སྟེ།ཤི་བའི་འོག་ཏུ་ནགས་ན་རྒྱུ་བའི་ཆོམ་ཤོད་གྱིས་བ་ལང་དེ་དག་ཕྲོགས་ནས་དེ་དག་ཆུང་མོ་མེད་པས་རང་རང་གིས་འོ་མ་བསྲུབས་ཏེ།དེ་དག་གིས་བསྲུབས་པ་ལས་འོས་མ་ཡིན།
63b5 པའི་ཕྱིར་འོ་མཱ་དེ་དག་ལས་མར་གྱི་དྲིའང་མི་བྲོལ་ཞོར་ཡང་མ་རུང་།དར་བར་ཡང་མ་རུང་།བྲིས་མར་ཡང་མ་རུང་ན་མར་དུ་ལྕིག་ལ་འགྱུར་ཏེ།འོ་མའི་རང་བཞིན་ལུས་ཀྱང་ཉམ
63b6 ནས་དེ་དག་གིས་དེ་ཆུས་བསླད་དེ་བདག་གིས་མར་མོངས་སྤྱད་པར་བྱའོ།།བདག་གིས་མར་ལོངས་སྤྱད་པར་བྱའོ་སྙམ་དུ་སེམས་པ་བཞིན་དུ་འཇིག་རྟེན་པ་སངས་རྒྱས་ཀྱི་ཆོས་ཀྱི་རྒྱུ
63b7 མཐུན་པ་ལས་བྱུང་བ་ནོར་དང་ཆོས་རྒྱས་པ་རྣམས་ཀྱང་དེ་དང་འདྲ་སྟེ།གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རང་གི་ལྷས་ཀྱི་བདག་པོ་བཞིན་དུ་ཡོངས་སུ་མྱ་ངན
iiif viewer powered by OpenSeadragon
63a - 64a