e-texts navigator
Collection
Volume
Page
Wylie

63a1 པ་དང་།ཇི་ཙམྦ་དུ་དགའ་བུ་དེ་ཙམ་དུ་སྟོན་པར་བྱེད་དེ་འདི་དག་ནི་མངོན་པར་ཤེས་པ་ལྔ་ལ་དབང་ཐོབ་པའི་ཡོན་ཏན་ཡིན་ནོ།།གལ་ཏེ་མངོན་པར
63a2 ཤེས་པ་ལྔ་ཐོབ་པའང་དེ་ལྟར་བདག་ཉིད་འཚེ་བའི་དབང་ཕྱུག་ལ་དབང་བྱེད་ན་དེ་བཞིན་གཤེགས་པ་དབང་དུ་མི་བརྙེས་པ་ལྟ་ཅི་སྟེ་དེ་ལྟ་བུ་ལ་མངའ་མི་མཛད།དེ་བཞིན
63a3 གཤེགས་པ་བསྐལ་པ་འམ།བསྐལ་པ་ལས་ལྷག་པར་ཅི་སྟེ་མི་བཞུགས་ཀྱིས།དེ་བཞིན་གཤེགས་པ་རྟག་པ་དང་།བརྟན་པ་དང་།ཐེར་ཟུག་པ་ཡིན་པར་ཁོང་དུ་ཆུད
63a4 པར་གྱིས་ཤིག།འཇིག་རྟེན་འདི་ན་སྤྲུལ་པའི་ལུས་ནི་ཤའི་ལུས་མ་ཡིན་ཏེ།དེང་དེ་བཞིན་གཤེགས་པ་དུག་སྨན་ལྔ་རྟོན་པའི་སྐུ་ཡོངས་སུ་འདོར་བར་མཛད་དོ་སྙམ་དུའོང
63a5 ཁོང་དུ་ཆུད་པར་གྱིས་ཤིག།རྟག་པ་དང་།བརྟན་པ་དང་ཐེར་ཟུག་ཅེས་བྱ་བའི་བསྟན་པ་མཆོག་ལའང་བརྩོན་པརྭ་གྱིས་ཤིག།འོད་སྲུང་ཆེན་པོ་དང་རུས་གཅིག་པུས
63a6 གསོལ་པོ།གལ་ཏེ་དེ་བཞིན་གཤེགས་པ་རྟག་པ་ལགས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པར་ཁྱད་པར་ཅི་མཆིས་ལགས།འཇིག་རྟེན་པའང་བདག་ཅག་གི
63a7 ཚངས་པ་ནི་རྟག་པ་སྟེ་ཐོག་མའི་དུས་ནས་བྱུང་བ་ཡིན་ནོ་ཞེས་མཆི་བ་དང་ཁྱད་པར་ཅི་མཆིས།གལ་ཏེ་དེ་བཞིན་གཤེགས་པ་རྟག་པ་ལགས་ན་ཁྱད་པར་མ་མཆིས




iiif viewer powered by OpenSeadragon

62b - 63b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo