e-texts navigator
Collection
Volume
Page
Wylie

5b1 སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་དང་།དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་།ཐེག་པ་ཆེན་པོ་ཐོས་པར་འདོད
5b2 པ་ཐེག་པ་ཆེན་པོ་ལ་ཞུགས་པ།ཐེག་པ་ཆེན་པོས་བཀྲེས་པ་ཐེག་པ་ཆེན་པོ་ལྔ་སྲེད་པ་ཐེག་པ་ཆེན་པོ་ལ་སྡེར་སྣ་མེད་པ།འཇིག་རྟེན་ཐམས་ཅད་དང་མཐུན་པར་བྱེད་ནུས་པ
5b3 ཤ་སྟག་དང་།བདག་ཅིག་རྒལ་ནས་གཞན་བསྒྲལ་བར་བྱའོ་སྙམ་སྟེ།སྔོན་གྱི་བསྐལ་པ་སྐྱེ་བ་སྙེད་དུ་ཚུལ་ཁྲིམས་ཀྱི་འགོད་པའི་དམ་བཅའ་བ་ལེགས་པར་བླངས་པོ།འཛིན་པའི
5b4 སྤྱད་པ་སྤྱོད་པ་ཤ་སྟག་དང་།དེ་བཞིན་དུ་བདག་ཅེག་གྲོལ་ནས་གཞན་དགྲོལ་བར་བྱའོ་སྙམ་པ་དང་།དེ་བཞིན་དུ་དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱའོ་སྙམ་པ་དང་།
5b5 ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་པ་དང་།གོ་ཆ་ཆེན་པོ་བགོ་བར་བྱའོ་སྙམ་དུ་སེམས་པ་ཤ་སྟགུ་དང་།དེ་བཞིན་དུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དང་།བུ་གཅིག་པ
5b6 ལ་བྱ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙོམས་པར་ལྟ་བ་ཤ་སྟག་སྟེ།དེ་དག་ཐམས་ཅད་སྔ་དྲོའི་ཉི་མ་འཆར་ཀར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར
5b7 རྩ་དོ་མར་བ་ནི་ལངས།མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ།མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་སྙིང་བརྩེ་བའི་ཕྱིར




iiif viewer powered by OpenSeadragon

5a - 6a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo