e-texts navigator
Collection
Volume
Page
Wylie

3b1 ལ་ཕྱག་འཚལ་ཏེ།ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པ་ལས་བཟློག་ལྔ་བསྒྲིམ་མི་དགོས་པར་བསྐལ་པ་འམ།བསྐལ་པ་ལས་ལྷག
3b2 པར་ཡང་བཞུགས་པར་གསོལ་བ་གདའ་བོ་ཞེས་ཟེར་ཏོ།།གཅིག་ལ་གཅིག་འཇུས་ནས་འདི་སྐད་དུ།ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།།ཀྱེ་མ་འཇིག
3b3 རྟེན་སྟོངས་པར་འགྱུར་རོ།།ཀྱེ་མ་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ལས་ཀྱི་རྣམ་པར་སྨིནཱ་པི་ནི་ཟད་དོ།།ལྔས་མི་བཟོད་པ་ནི་བྱུང་ངོ་།།ཚེ་དང་ལྡན་པ
3b4 དག་མྱུར་ཅིག།ཚེ་དང་ལྡན་པ་དག་མྱུར་ཅིག།དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲེང་གི་ཡུད་ཙམ་འདི་ལ་ཡོངས་སུ་མྱ་ངན་ལས
3b5 འདྲའ་བར་འགྱུར་རོ།།ཀྱེ་མ་འཇིག་རྟེན་སྦྱོངས་པར་འགྱུར་རོ།།ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།།དེ་བཞིནྡ་གཤེགས་པ་མི་བཞུགས་ན།བདག་ཅག
3b6 མགོན་མེད་པ་དང་རྩ་ལག་མེད་པ་དང་།ཕོངས་པར་ཇི་ལྟར་མི་འགྱུར་ཞིག་གུ།བདག་ཅག་གི་ཐེ་ཚོམ་དང་སོ་མེ་ཉི་ཅི་དང་ཅི་ཡོད་པ་དེ་དང་དེ་དག་ཞུ་བར་བྱའོ་ཞེས
3b7 ཀྱང་ཟེར་ཏོ།།ཉན་ཐོས་ཆེན་པོ་འདི་དག་ཀྱང་དེ་ན་འཁོད་དེ་འདི་ལྟ་སྟེ་གནས་བརྟན་ཀླེཏྱཱ་ཡ་ན་ཆེན་པོ་དང་གནས་བརྟན་བཀུ་ལ་དང་གནས་བརྟན་ཉི་དགའ་བོ་དང




iiif viewer powered by OpenSeadragon

3a - 4a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo