e-texts navigator
Collection
Volume
Page
Wylie

230b1 ཡིན་པར་ཆོས་འདོད་པའི་རིགས་ཀྱི་བུས་རིག་པར་བྱའོ།།གསོལྔ་པ།ཀྱེ་མ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པ
230b2 ལགས་ཏེ་བདག་ཤིན་ཏུ་རངས་ལགས་སོ།།བཀའ་སྤྲུལ་པ།རིགས་ཀྱི་བུ་ལེགས་སོ་ལེགས་སོ།།དེ་ལྟར་ཆ་ཕྲ་བར་རྟག་དགོས་སོ།།གསོལ་པ།བཅོམ་ལྡན
230b3 འདས་ད་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་བསོད་ནམས་ཇི་ལྟར་སྐྱེ་བ་བཀའ་སྩལ་དུ་གསལ།བཀའ་སྩལ་པ།སངས་རྒྱས་ཀྱི་ཡུལ་འདི་ནི་བསམ་གྱིས
230b4 མི་ཁྱབ་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མདོ་སྡེ་འདིའི་མིང་ཡོང་ཚིག་ཙམ་དུའང་ཉན་པ་རྣམས་ལ་བརྗོད་པར་མི་ནུས་སོ།།དེ་ནས་བཅོམ་ལྡན
230b5 འདས་ལ་ལྷ་དོང་མི་དང་ལྷ་མ་ཡིན་རྣམས་ཀྱིས་ཚིག་མཐུན་པར་ཚིགས་སུ་བཅད་དེ་གསོལ་པ།སངས་རྒྱས་བསམ་ཡས་བསམ་ཡས་ཆོས་གསུང་བ།།ཆོས་དང་དགེ་འདུན།
230b6 རྟག་ཏུ་ཁྱོད་ལ་བརྟེན།།དེ་ཕྱིར་དགེ་སློང་འོད་སྲུང་ཀུན་དགའ་བོ།།མ་མཆིས་བར་དུ་མགོན་པོ་བཞུགས་པར་གསོལ།།བི་ཏེ་ཧཱ་ཡི་རྒྱལ་པོ་མ་སྐྱེས་དག།།ཁྱོད་ཀྱི
230b7 མཛའ་མོཆོག་ཐུགས་འདྲ་ཆེ་བོ་ཡང་།།ད་དུང་མ་མཆིས་མཐར་ཐུག་ཁྱོད་མ་གཤེགས།།ཀུན་མཁྱེན་ཁྱོད་ཀྱིས་བདག་ཅག་ཐེ་ཚོམ་ཆོད།།དེ་ནས་བཅོམ་ལྡན་འོདས




iiif viewer powered by OpenSeadragon

230a - 231a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo