| | e-texts navigator
|
229a1 ལ་བརྟེན་པ་ཡིན།།སེར་སྣ་མེད་པ་ཐམས་ཅད་གཡོ།།ཟས་ཀྱི་ཉེ་སྔ་པས་ནད་དུ་འགྱུར།།ཚངས་པར་སྤྱོད་དང་འགྲོགས་ན་བདེ།།འཇམ་དཔལ་གྱིས
229a2 གསོལ་པ།བཅོམ་ལྡན་འདས་ཅི་ལགས་ཙུནྡེའི་སྦྱིན་པ་ཆེར་གསོལ་ནས་ཞལ་ཟས་ཀྱི་ཉེས་པས་བསྒྱིངས་ལགས་སམ།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ
229a3 འདི་སྐད་ཅེས་བཀའ་སྩལ་ཏོ།།སེམས་ཅན་ཐམས་ཅད་ཀྱང་ཟས་ལ་བརྟན་པ་མ་ཡིན་ནོ།།སེར་སྣ་མེད་པ་ཐམས་ཅད་ཀྱང་གཡོ་བ་མ་ཡིན་ནོ།།ཐམས་ཅད་ལ་དྲ་རྫས
229a4 ཀྱི་ཉེས་པས་ནང་དུ་འགྱུར་བ་མ་ཡིན་ནོ།།ཆོས་སྤྱོད་པ་རྣམས་དང་འགྲོགས་སོ་ཅོག་ཀྱང་བདེ་བ་མ་ཡིན་ནོ།།འཇམ་དཔལ་གང་གི་ཚེ་ཁྱོད་ནད་ཀྱིས་ཐེབས་པ་དེའི་ཚེ
229a5 ངའང་ནད་ཀྱིས་ཐེབས་སོ།།དགྲ་བཅོམ་དང་ནི་རང་སངས་རྒྱས།།བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས།།དེ་དག་རྟག་ཏུ་ཟས་མེད་དེ།།དེ་ནི་སངས་རྒྱས
229a6 ཆོས་ཉིད་དོ།།དགྲ་བཅོམ་པ་རྣམས་དང་།རང་སངས་རྒྱས་རྣམས་དང་།བྱང་ཆུབ་སེམས་དཔའ་རྣམས་དང་།དེ་བཞིན་གཤེགས་པ་རྣམས་ནི་ཞལ་ཟས་ཀྱང་མི
229a7 གསོལ་ལ་སྦྱིན་པ་འབུམ་ཕྲག་མང་པོའང་བཞེས་པར་མཛོད་དོ།།སྦྱིན་པ་བློང་བར་བྱ་བའི་གདམས་ངག་ཀྱང་སྟོན་པར་མཛད་དོ།།སེམས་ཅན་རྣམས་སེམས་ཅན་དམྱལ
iiif viewer powered by OpenSeadragon
228b - 229b