| | e-texts navigator
|
228b1 དེ་དག་ཕུང་བར་བགྱིད་པ་དེ་དག་ནི་མི་བཟང་བ་ཞེས་བགྱིའོ།།དེ་བས་ན་དགའ་བ་ཐམས་ཅད་བཟང་བ་མ་ལགས་ན་ལྷའི་ཡང་ལྷ་སངས་རྒྱས་དེ་བཞིན་གཤེགས་པས་ཅི་ལས
228b2 དགོངས་ཏེ་དེ་སྐད་ཅེས་བཀའ་སྩལ་ལགས།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀྲའ་སྩལ་ཏོ།།སངས་རྒྱས་ནི་རྒྱུ་མེད་པའི
228b3 དོན་དང་འགལ་བར་མི་གསུང་གི་རྒྱུ་དང་བཅས་རྐྱེན་དང་བཅས་པར་གསུང་སྟེ་རྒྱལ་པོའི་ཁབ་ན་ཁྱིམ་བདག་ཀཽ་ཏ་ཀའི་བུ་མོ་རབ་བཟང་བའི་ཁྱིམ་དུ་སོང་ནས་རབ་ཏུ་འབྱུང་བའི་སེམས
228b4 སྐྱེས་ཏེ་དེ་བཞིན་གཤེགས་པའི་ཐེད་དུ་སོང་ནས་བུད་མེད་དུ་གྱུར་པ་ནི་གཞན་གྱོ་དབང་དུ་གྱུར་པ་ཡིན་ལ།སྐྱེས་པར་གྱུར་པ་ནི་རང་དབང་ཅན་ཡིན་ནོ་སྙམ་དུ་བསམས་ནས་དེ
228b5 བཞིན་གཤེགས་པ་དང་ཆོས་དང་དགེ་སློང་གི་དགེ་འདུན་ལོ་སྐྱབས་སུ་སོང་སྟེ།དྲིའི་རྟོག་པ་ཐུགས་སུ་ཆུད་ནས་བཅོམ་ལྡན་འདས་ཀྱིས་གཞན་གྱི་དབང་གྱུར་ཐམས་ཅད་སྡུག།ཅེས
228b6 ཚིགས་སུ་བཅུད་པ་དེ་སྐད་གསུངས་སོ།།བྱང་ཆུབ་སེམས་དཔའ་རྣམས་ཀྱི་རླུང་ན་མིའི་ཁྱུ་མཆོག་འཇམ་དཔལ་ལེགས་སོ་ལེགས་སོ།།སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར
228b7 དགོངས་པའི་ཚིག་འདི་ང་ལ་ཞུས་པ་ལེགས་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ།ཐམས་ཅད་ཟས
iiif viewer powered by OpenSeadragon
228a - 229a