e-texts navigator
Collection
Volume
Page
Wylie

228a1 དུ་གྱུར་པ་ཐམས་ཅད་སྡུག་པའང་མ་ལགས་ལ་རང་དབང་ཅན་ཐམས་ཅད་བདེ་བའང་མུ་ལགས་སོ།།ང་རྒྱལ་དབང་གྱུར་ཀུན་མི་ཟད།།ཅེས་བགྱི་བ
228a2 དེའང་ལྷག་མ་ཡོད་པའི་དོན་ལགས་ཀྱི་ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་ཟད་པའང་མ་ལགས་ཏེ།འདི་ན་ལ་ལ་ཞིག་ང་རྒྱལ་གྱི་དབང་གིས་རབ་ཏུ་བྱུང་ན་ཅི་ལགས་རབ་ཏུ
228a3 བྱུང་བ་དེ་ལ་ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་ཟད་ཅེས་བགྱི་ལེགས་སམ།དེ་ནི་ང་རྒྱལ་མ་མཆིས་པ་དང་།བསོད་ནམས་དང་ལྡན་པ་དང་།ཚུལ་ཁྲིམས་དང་ཆོ་ག་དང་ལྡན
228a4 པིཔ་དང་།དབང་པོ་བསྲུངས་པ་ལེགས་ཏེ།དེ་བས་ན་ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་ཟད་པའང་མ་ལེགས་སོ།།དགའ་བྱ་ཐམས་ཅད་བཟང་བ་ཡིན་ཞེས་བགྱི་བ་དེ་འཕྱེ
228a5 ལྷག་མ་ཡོད་པའི་དོན་ལེགས་ཀྱི་དགའ་བ་ཐམས་ཅད་ཀྱང་བཟང་བ་མ་ལགས་ཏེ།བསྟན་པ་འདི་ལ་ཕམ་པ་བྱུང་བ་རྣམས་གོས་ཚོན་ཅན་གྱི་རྟགས་ཅན་རྣམས་དང་ལྷན་ཅིག་འཁོད།
228a6 པ་བདག་ཉིད་ཀྱིས་རུང་བར་མཐོང་ཡང་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ།དེ་ལྟ་བུ་དག་ལ་བཟང་ཞེས་བགྱིས་ན་དོན་དྲུང་འགལ་བར་འགྱུར་ལགས་སོ།།ཕྲམ
228a7 པ་བྱེད་བྱེད་པ་དེ་དག་གོས་དཀར་པོ་གྱོན་དུ་འཇུག་པ་དེ་དག་ནི་བཟང་པོའོ་མཆོག་དོན་རྒྱ་ཆེན་པོ་བགྱིས་པ་ལགས་སོ།།ཕམ་པ་བགྱིས་པ་རྣམས་ནི་མི་བཟང་བ་ཞེས་བགྱི་སྟེ།




iiif viewer powered by OpenSeadragon

227b - 228b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo