e-texts navigator
Collection
Volume
Page
Wylie

227a1 ནས་ངས་ཀྱང་དེས་སྤྱོན་དྲངས་པ་ལ་གནང་ནུས་སྒྲ་གཅན་ཟིན་དང་འདྲ་བར་ལྟ་བའི་ཚུལ་གྱིས་ཚིགས་སུ་བཅུད་པ་འདི་སྐད་ཅེས་བྱས་སོ།།ཆད་པ་དག་གིས
227a2 ཐམས་ཅད་སྐྲག།ཀུན་ལ་སྲོག་ནི་ཕངས་པ་ཡིན།།བདག་གི་ཉམས་ལས་དཔག་བྱ་ཞིང་།།བརྡེག་པར་མི་བྱ་གསད་མི་བྱ།།མིག་རྒྱང་རང་དུ་ལྟོས་ལ་རིང་དུ་འཚོ
227a3 གྱིས་ཤིག།འཚེ་བ་མེད་པའི་རྟགས་ཀྱི་དོན་ཁོང་དུ་ཆུད་པར་གྱིས་ཤིག།བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ནི་མིའི་ཁྱུ་མཆོག་འཇམ་དཔལ་ལེགས་སོ་ལེགས་སོ།།སེམས
227a4 ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དགོངསྡེ་པའི་ཚིག་འདི་དྲིས་པ་དེ་ནི་ལེགས་སོ།།དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་ཚིགས་སུ་བཅད་དེ་འདི་སྐད་ཅེས
227a5 གསོལ་ཏོ།།མ་ལྔ་མཆོད་པའི་ཚུལ་གྱིས་ནཱི།།ཕ་མ་གཉིས་ལ་མཆོད་བགྱིས་ན།།བླ་མ་ལི་ཡང་གུས་གྱུར་ལ།།མཱནར་མེད་འཇིགས་པར་ཇི་ལྟར་མཆི།།དེ་ནས
227a6 བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་འདི་སྐད་ཅེས་བཀའ་སྩལ་ཏོ།།འདིར་ནི་སྲེད་པ་མ་ཞེས་བྱ།།གཏི་མུག་ལ་ནི་ཕ་ཞེས་བྱ།།ཆོས་འདི་གཉིས་ལ་གང་མཆོད
227a7 པ།དེ་ནི་མནར་མེད་འཇིགས་པར་འགྲོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་འཛེམ་དཔལ་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ།།།




iiif viewer powered by OpenSeadragon

226b - 227b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo