| | e-texts navigator
|
226b1 ལས་དཔག་བྱ་ཞིང་ཞེས་བགྱི་བ་དེའང་ལྷག་མ་ཡོད་པའི་དོན་ལགས་ཏེ་དགྲ་བཅོམ་པ་རྣམས་ནི་བདག་དང་མི་མཉམ་མོ་ཞེས་དེ་ལྟར་འཇིག་རྟེན་དུ་གྲགས་ལགས་སོ།།གལ་ཏེ་དགྲ
226b2 བཅོམ་པ་རྣམས་ཀྱི་བདག་ཏུ་འདུ་ཤེས་པ་དང་།དགྲ་བཅོམ་པ་རྣམས་ཀྱི་སྲོག་ཏུ་འདུ་ཤེས་པ་གསུངས་པ་ལགས་སོ་ཞེས་དེ་ལྟར་ལྟ་བའི་བློ་ཆུང་ངུ་རྣམས་ཀྱིས་ནི་དགྲ་བཅོམ་པ
226b3 གནས་ངན་པར་བཞག་པ་ལགས་ཏེ།དེ་ལྟར་བགྱིས་པས་སྲོག་ཏུ་འདུ་ཤེས་པའི་ལྟ་བ་ངན་པས་རྨོངས་པའི་འབྲས་བུས་མྱུར་དུ་མནར་མེད་པར་སྐྱེ་བར་འགྱུར་ལགས་སོ།།གཅིག
226b4 ཏུ་ནུ་གལ་ཏེ་དགྲ་བཅོམ་པ་རྣམས་གསད་པའི་སེམས་བསྐྱེད་དུ་ལགས་ཀྱང་སེམས་ཅན་དེ་དག་གིས་གསོད་པར་འགྱུར་མི་སྲིད་དེ་སེམས་ཅན་མོང་པོ་ལོག་ཀྱང་དེ་དག་གསོང
226b5 པའི་རྔོ་མི་ཐོགས་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།སྲོག་ཆགས་རྣམས་ལ་སྙིང་བརྩེ་བའི་ཕྱིར་བདག་དང་འདྲ་བར་བལྟའོ།།དགྲ་བཅོམ་པ་ནི་འཚེ་བ་མེད
226b6 པའི་སྒོ་ནས་དཔག་ཏུ་མེད་པ་དང་།མཚུངེས་པ་མེད་པར་བལྟ་བུར་བྱ་སྟེ་དེ་དག་ལ་གསད་པའི་སེམས་བསྐྱེད་པ་མོ་བྱའོ།།དེ་ལྟར་ན་སངས་རྒྱས་ནི་རྒྱུ་མེད་པར་དོན་དང་འགལ་བ།
226b7 མི་སྟོན་ཏེ།ཚིགས་སུ་བཅད་པ་འདི་ནི་རྒྱལ་པོའི་ཁབ་ཀྱི་རི་དགས་ཀྱི་རྔོན་པ་ལས་བརྩམས་ནས་བསྟན་ཏེ།དེས་རི་དགས་བསད་ནས་ཤ་དང་ལྡན་པའི་ཟས་ཀྱི་སྦྱིན་པ་ལ་ང་སྤྱན་དྲངས
iiif viewer powered by OpenSeadragon
226a - 227a