e-texts navigator
Collection
Volume
Page
Wylie

225b1 འོའདྲ་བར་ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ཇི་ལྟར་མ་གཟིགས་ཞེས་ཟེར་ནས་ངས་དེ་ལ་འདི་སྐད་དུ།གཞན་དང་མི་མཐུན་བརྟག་མི་བྱ།ཞེས་བྱ་བའི་ཚིགས་སུ་བཅད་པ་བསྟན་ཏེ།།
225b2 ད་ནི་རྒྱལ་པོ་ཆེན་པོ་ཁྱོད་བདག་གིས་ཕ་བསད་དེ་མཚམས་མེད་པའི་ལས་ཀྱི་རབ་དུག་ཆེན་པོ་བྱས་པ་དེ་སྦྱང་བར་གྱིས་ཤིག།རྒྱ་ལྔ་པོ་གཞན་གྱི་ཉེས་པ་ལ་མ་རྟོག་པར་དེ་ལྟ་བུ།
225b3 ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བྱས་སོ།།གཞན་ཡང་མི་མཐུན་པ་བརྟག་པར་ཡང་བྱ་སྟེ།ཚུལ་ཁྲིམས་དང་ཆོ་ག་ལ་བརྟན་པ་གང་ཡིན་པ་དེ་དག་གི་སྐྱོན་བརྟག་པ་ལྷུར་བླང་བར
225b4 བྱ་སྟེ་དེ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ།།གཞན་གྱི་མི་མཐུན་པ་ལ་རྟོག་པ་རྣམས་ཀྱིས་ནི་བདག་དང་གཞན་དྲག་གི་བྱས་པ་དང་མ་བྱས་པ་ནི་བདག་དང་གཞན་དག་གི་ཡིན་པར
225b5 ཤེས་པར་བྱའོ།།དེ་ལྟ་བུའི་ཚུལ་གྱིས་གཞན་གྱིས་བྱས་པ་རྟག་ཏུ་ཡང་དག་པར་མཐོང་བ་གང་ཡིན་པ་དེ་དག་ནི་དེའི་ཉན་ཐོས་ཡིན་ནོ་ཞེས་ང་ཟེར་རོ།།དེ་ནས་ཡང་བཅོམ་ལྡན་འདས
225b6 ཀྱིས་འཇམོ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཆད་པ་དག་གིས་ཐམས་ཅད་སྐྲག།ཀུན་ལ་སྲོག་ནི་ཕངས་པ་ཡིན།།བདག་གི་ཉམས་ལས་དཔག་བྱ་ཞིང
225b7 བརྡེག་པར་མི་བྱ་གསད་མི་བྱ།།དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།།ཆད་པས་ཐམས་ཅད་སྐྲག་མི་འགྱུར།།སྲོག་ཀྱང




iiif viewer powered by OpenSeadragon

225a - 226a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo