| | e-texts navigator
|
225a1 ལྡན་པ་དང་།དབང་པོ་ཐུལ་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་མཐོ་རིས་སུ་འགྲོ་བ་དང་།ཆོས་ཀྱི་སྤྱོད་ཡུལ་ཅན་ཡིན་ནོ་ཞེས་བདག་བསྟོད་པ་དང་།
225a2 གཞན་སྨོད་པ་དང་།གཞན་གྲ་ཤུང་བ་བཀའ་སྩལ་ཏེ།བཅོམ་ལྡན་འདས་ཀྱིས་དེ་ལྟར་གཞན་དང་མི་མཐུན་པ་རྣམས་ཀྱང་བཀའ་སྩལ་ལ།གཞན་དྲུག་དང་མི་མཐུན
225a3 པ་ཞེས་བྲིགྱི་བའང་མ་ལགསྲ་པ་ཅི་ལྟ་བུ་ལགས།དེ་ནས་བཅོམ་ལྡན་འདས་ཀྱིསྲ་འཛམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རིགས་ཀྱི་བུ་ངས
225a4 གཞན་གྱི་མི་མཐུན་བརྟག་མི་བྱ།ཞེས་བསྟན་པ་དེ་གླང་ལས་ནི་བརྩམས་ཅིའི་ཕྱིར་ནི་བསྟན་ཅེ་ན།མ་སྐྱེས་དགྲ་ལས་བརྩམས་ནུས་བསྟན་པ་ཡིན་ཏེ་སངས་རྒྱས་བཅོམ
225a5 ལྡན་འདས་ནི་རྒྱུ་མེད་པར་དོན་དང་འགྲལ་བ་སྟོན་པར་མི་མཛད་ཀྱི་རྒྱུ་དང་བཅས་རྐྱེན་དང་བཅས་པར་སྟོན་པོར་མཛད་དེ།སྔོན་མ་སྐྱེས་དཀྲིས་པ་བསད་ནས་དེའོ་ཐད་དུ
225a6 འངེས་ནས་འདི་ལྟར་བརྙས་ཐབས་སུ་དྲི་བ་དྲིས་ཏེ་ཅི་ལགས།བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལྕགས་སམྦྷ་འོན་ཏེ་ཐམས་ཅད་མཁྱེན་པ་མ་ལགས།གལ་ཏེ་ཐམས
225a7 ཅད་མཁྱེན་པ་ལགས་ན་ཅིའི་སླད་དུ་ལྷས་བྱིན་རབ་ཏུ་ཕྱུང་ལགས།དེ་ཚེ་རབས་སྟོང་ཕྲག་མང་པོ་རོ་ཕྱི་བཞིན་འབྲང་ཞིང་གནོད་པ་བགྱིད་པར་གཟིགས་ན་ད་ལྟར་ཡང་རྒོལ་དུ
iiif viewer powered by OpenSeadragon
224b - 225b