| | e-texts navigator
|
467b1 རིགས་ཀྱི་བུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པའོ།།རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
467b2 བ་རྣམས་ཀྱི་སྒྲུབ་པ་གཉིས་ཏེ།གཉིས་གང་ཞེ་ན།འདི་ལྟ་སྟེ།སའི་ཉེས་པ་རྣམ་པར་སྤོང་བའི་སྒྲུབ་པ་དང་།ས་ནས་སླར་འཕྲ་རོ་བ་ལ་མཁས་པ་ཡོངས་སུ་རྫོགས་པར་བྱ
467b3 བའི་སྒྲུབ་པ་སྟེ།རིགས་ཀྱི་བུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པའོ།།རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས
467b4 དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པ་གཉིས་ཏེ།གཉིས་གང་ཞེ་ན།འདི་ལྟ་སྟེ།ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་བསྟན་པའི་སྒྲུབ་པ་དང་།སངས་རྒྱས་ཀྱི་བྱང་ཆུབ་ལས
467b5 ཕྱིར་མི་ལྡོག་པ་ལ་མཁས་པའི་སྒྲུབ་པ་སྟེ།རིགས་ཀྱི་བུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པའོ།།རིགས་ཀྱི་བུ་བྱང་ཆུབ
467b6 སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲུབ་པ་ནི་འདི་ལྟ་བུ་འདི་དག་སྟེ།དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འབད་པར་བྱའོ།།རིགས
467b7 ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྒྲུབ་པ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་ནོ།།དེ་ནས་བཅོམ་ལྡན
iiif viewer powered by OpenSeadragon
467a - 468a