e-texts navigator
Collection
Volume
Page
Wylie

464a1 ལྟར་ན་དོན་གྱིས་རབ་ཏུ་ཕྱེ་བ་ཡིན།ཇི་ལྟར་ན་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན།འཇམ་དཔལ་གྱིས་སྨྲས་པ།རིགས་ཀྱི་བུ་དོན་ནི་ལྡན་པ་མེད་པའོ།།ཡེ
464a2 ཤེས་ནི་ལྡན་པའོ།།སྨྲས་པ།འཇམ་དཔལ་ཅིའི་ཕྱིར་དོན་ནི་ལྡན་པ་མེད་ལ་ཡེ་ཤེས་ནི་ལྡན་པ་ཡིན།འཇམ་དཔལ་གྱིས་སྨྲས་པ།རིགས་ཀྱི་བུ་དོན་ནི་འདུས་མ་བྱས་པ
464a3 སྟེ།ཆོས་གང་དང་ཡང་ལྡན་པ་འམ་མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།དོན་ནི་འགྱུར་བ་མེད་པའི་མཚན་ཉིད་ཡིན་ཏེ།དེ་ནི་ཆོས་གང་དང
464a4 ལྡན་པ་འམ།མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ།།དོན་ནི་གཟོད་མ་ནས་ཡོངས་སུ་གྲུབ་པ་མེད་པའི་ཕྱིར་ཆོསྲ་གང་དང་ཡང་ལྡན་པ་འམ་མི་ལྡན་པ་མ་ཡིན་པར་ཁྲོད
464a5 དུ་ཆུད་པར་བྱའོ།།དོན་ནི་དོར་བ་མེད་པ་དང་གཞག་པ་མེད་པའི་ཕྱིར་ཆོས་གང་དང་ཡང་ལྡན་པའམ་མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ།།ཡེ་ཤེས་ཞེས་བྱ་བ་ནི
464a6 ལམ་སྟེ།ལོམ་ནི་སེམས་དང་ཡང་དག་པར་ལྡན་པ་ཡིན་གྱི་མི་ལྡན་པ་མ་ཡིན་ཏེ།རིགས་ཀྱི་བུ་དེའི་ཕྱིར་ཡེ་ཤེས་ནི་ལྡན་པ་ཞེས་བྱ་སྟེ།མི་ལྡན་པ་མ་ཡིན་ནོ།།
464a7 ཡེ་ཤེས་ནི་སྤོང་བ་དང་ཡང་དག་པར་ལྡན་པ་ཡིན་གྱི་མི་ལྡན་པ་མ་ཡིན་ཏེ།རིགས་ཀྱི་བུ་དེའི་ཕྱིར་ཡེ་ཤེས་ནི་ལྡན་པ་ཞེས་བྱ་སྟེ།མི་ལྡན་པ་མ་ཡིན་ནོ།།ཡེ་ཤེས་ཞེས




iiif viewer powered by OpenSeadragon

463b - 464b

Texts on this page

N97 - 'phags pa ga yA mgo'i ri zhes bya ba theg pa chen po'i mdo