| | e-texts navigator
|
463b1 ཆགས་པ་མེད་པའི་ལམ་མོ།།དེ་ལ་ཆགས་པ་དང་བཅས་པའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ།ཆགས་པ་མེད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།།།
463b2 གཞན་ཡང་མདོར་བསྡུས་པའི་ལམ་གཉིས་ཏེ།གཉིས་གང་ཞེ་ན།ཟག་པ་དང་བཅས་པའི་ལམ་དང་།ཟག་པ་མྱེད་པའི་ལམ་མོ།།དེ་ལྔ་ཟག་པ་དང་བཅས་པའི་ལམ
463b3 ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ།ཟུག་པ་མེད་པའི་ལུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།།གཞན་ཡང་མདོར་བསྡུས་པའི་ལམ་གཉིས་ཏེ།གཉིས་གང་ཞེ་ན།ཚད
463b4 ཡོད་པར་བྱས་པའི་ལམ་དང་།ཚད་མེད་པར་བྱས་པའི་ལམ་མོ།།དེ་ལ་ཚད་ཡོད་པར་བྱས་པའི་ལམ་ནི་མཚན་མའི་གནས་སོ།།ཚད་མེད་པར་བྱས་པའི་ལམ་ནི
463b5 མཚན་མོ་མེད་པའི་གནས་སོ།།གཞན་ཡང་མདོར་བསྡུས་པའི་ལམ་གཉིས་ཏེ།གཉིས་གང་ཞེ་ན།ཤེས་པའི་ལམ་དང་།སྤོང་བའི་ལམ་མོ།།དེ་ལ་ཤེས་པའི
463b6 ལམ་ནི་ས་དང་པོ་ནས་བཟུང་སྟེ་ས་བདུན་པའི་བར་དུའོ།།སྤོང་བའི་ལམ་ནི་ས་བརྒྱད་པ་ནས་བཟུང་སྟེ་ས་བཅུ་པའི་བར་དུའོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས
463b7 དཔའ་ཆེན་པོ་ཡེ་ཤེས་སྒྲུབ་པ་དཔའ་བོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།།འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི
iiif viewer powered by OpenSeadragon
463a - 464a