e-texts navigator
Collection
Volume
Page
Wylie

463a1 ལྔ་བལྟ་བའོ།།ཤེས་རབ་ནི་ཆོས་ཐམས་ཅད་ལ་མྱི་ལྟ་བའོ།།ཐབས་ནི་ཆོས་ལ་སྦྱོར་བ་ཤེས་པའོ།།ཤེས་རབ་ནི་བྲལ་བ་ཤེས་པའོ།།རྡབས
463a2 ནི་རྒྱུ་ལ་དམིགསྲ་བ་ཤེས་པའོ།།ཤེས་རབ་ནི་རྒྱུ་ཟད་པར་འགྲོ་བའོ།།ཐབས་ནི་ཆོས་ཐ་དད་པ་ཤེས་པའོ།།ཤེས་རབ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས
463a3 བྱའོ།།ཐབས་ནི་སངས་རྒྱས་ཀྱི་ཞིང་གྲི་རྒྱན་ཤེས་པའོ།།ཤེས་རབ་ནི་སངསྲ་རྒྱས་ཀྱི་ཞིང་མཉམ་པ་ཉིད་དབྱེར་མེད་པར་ཤེས་པའོ།།ཐབས་ནི་སེམས་ཅན
463a4 གྱི་དབང་པོ་དང་སྤྱོད་པ་ལ་འཇུག་པ་ཤེས་པའོ།།ཤེས་རབ་ནི་སེམས་ཅན་དམིགས་སུ་མེད་པར་ཤེས་པའོ།།ཐབས་ནི་བྱང་ཆུབ་ཀྱི་རྒན་ཐོབ་པར་བྱེད་པ་ཤེས
463a5 པའོ།།ཤེས་རབ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཤེས་པའོ།།ལྷའི་བུ་གཞན་ཡང་མདོར་བསྡུས་པའི་ལམ་གཉིས་ཏེ།
463a6 གཉིས་གྲང་ཞེ་ན།ཚོགས་ཀྱི་ལམ་དང་།ཡོངས་སུ་གཅོད་པའི་ལམ་མོ།།དེ་ལ་ཚོགས་ཀྱི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ།ཡོངས་སུ་གཅོད་པའི
463a7 ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།།གཞན་ཡང་མདོར་བསྡུས་པའི་ལམ་གཉིས་ཏེ།གཉིས་གང་ཞེ་ན།ཆགས་པ་དང་བཅས་པའི་ལམ་དང་།




iiif viewer powered by OpenSeadragon

462b - 463b

Texts on this page

N97 - 'phags pa ga yA mgo'i ri zhes bya ba theg pa chen po'i mdo