| | e-texts navigator
|
461b1 ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤུར་བ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ།།དཔེར་ན་ཆོས་བཅོ་ལྔའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བ་དེ་ལྟ
461b2 བུར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་བལྟའོ།།ལྷའི་བུ་གཞན་ཡང་སེམས་བསྐྱེད་པ་དངངོ་པོ་ནི་ཉན་ཐོས་ཀྱི་ས་ལས་ཡང་དག་པར་འདའོ།།སེམས་བསྐྱེད་པ་གཉིས་པ་ནི
461b3 རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདའོ།།སེམས་བསྐྱེད་པ་གསུམ་པ་ནི་མོ་ངེས་པའི་ས་ལས་ཡང་དག་པར་འདའོ།།སེམས་བསྐྱེད་པ་བཞི་པ་ནི་ངེས་པའི་ཕུང་པོ་ལ
461b4 གནས་སོ།།ལྷའི་བུ་གཞན་ཡང་དང་པོ་སེམས་བསྐྱེད་པ་ནི་ཡི་གེའི་ཕྱི་མོ་འཛིན་པའི་ཚུལ་དུ་བལྟའོ།།དཔེར་ན་རྣམ་པར་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་དེ་ལྟ་བུར
461b5 ནི་སྤྱོད་པ་དང་འབྲེལ་བའི་སེམས་བསྐྱེད་པ་བལྟའོ།།དཔེར་ན་གྲངསོ་དང་།རྩིས་དང་།ཤོད་དགོད་པ་དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ།།དཔེར་ན
461b6 བསྟན་བཅོས་རྣམས་ཁོང་དུ་ཆུད་པ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ།།ལྷའི་བུ་གཞན་ཡང་སེམས་བསྐྱེད་པ་དང་པོ་ནི་རྒྱུར་འབྲེལ་པའོ།།སེམས
461b7 བསྐྱོད་པ་གཉིས་པ་ནི་ཡེ་ཤེས་དང་འབྲེལ་པའོ།།སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་དང་འབྲེལ་པའོ།།སེམས་བསྐྱེད་པ་བཞི་པ་ནི་འབྲས་བུ་དང་འབྲེལ་པའོ།།
iiif viewer powered by OpenSeadragon
461a - 462a