| | e-texts navigator
|
458b1 མེད་པ།མི་འགྱུར་བ།མཚན་ཉིད་མེད་པའོ་སྙམ་མོ།།དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས
458b2 གལ་ཏེ་བྱང་ཆུབ་ཀྱི་མཚན་ཉིད་དེ་ལྟ་བུ་ལེགས་ན།བཅོམ་ལྡན་འདས་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོས་ཇི་ལྟར་བྱང་ཆུབ་ཀྱི་སླད་དུ་འཇུག་པར་བགྱི།བཅོམ་ལྡན
458b3 འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་བྱང་ཆུབ་དེ་ཇི་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་ཕྱིར་འཇུག་པར་བྱའོ།།འཇམ་དཔལ་གྱིས་གསོལ་པ།
458b4 བཅོམ་ལྡན་འདས་ཇི་ལྟར་རབ་ཏུ་འཚལ་བར་འགྱུར།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་བྱང་ཆུབ་ནི་ཁམས་གསུམ་པ་ལས་ཡང་དག་པར
458b5 འདས་པ།ཐ་སྙད་ལས་ཡང་དག་པར་འདས་པ།ཡི་གེ་སྒྲ་སྐད་ལས་ཡང་དག་པར་འདས་པ།སྒྲ་ལས་ཡང་དོག་པར་འདས་པ།འཇུག་པ་མེད་པ།གཟོད་མ
458b6 ཉིད་ནས་འཇུག་པ་མེད་པའོ།།འཇམ་དཔལ་དེ་ལྟ་བས་ན།བྱང་ཆུབ་སེམས་དཔའ་འཇུག་པ་ལ་ཡང་དག་པར་འདས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་འཇུག་པའོ།།།
458b7 འཇམ་དཔལ་འཇུག་པ་མེད་པའི་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ།།འཇམ་དཔལ་དངོས་པོ་མེད་པ་ལ་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ།།འཇོམ་དཔལ་བླ་གབ
iiif viewer powered by OpenSeadragon
458a - 459a