| | e-texts navigator
|
458a1 གདགས་པ་ལས་ཡང་དག་པར་འདས་པ།ཁམས་གསུམ་ལས་ཡང་དག་པར་འདས་པ།མ་མཐོང་བ།མ་ཐོས་པ།བྱེ་བྲག་མ་ཕྱེད་པ།གཞི་མེད་པ།།
458a2 དམིགས་པ་མྱེད་པ།རྒྱུ་བ་མེད་པ།སྤྲོས་པ་མེད་པ།འཇུག་པ་མེད་པ།བརྟག་ཏུ་མེད་པ།དཔག་ཏུ་མེད་པ།བསྟན་དུ་མེད་པ།སྒྲ་མེད་པ།ཡི་གེ་མེད་པ།ཚིག་གི
458a3 ལམ་མེད་པའོ།།དེ་ལྟར་ན་སུ་མངོན་པར་རྫོགས་པར་འཚང་རྒྱ།གང་གིས་མངོན་པར་རྫོགས་པར་འཚང་རྒྱ།མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ནི་གང་ཡིན།།
458a4 ཆོས་འདི་དག་ཐམས་ཅད་ནི་མིང་ཙམ།བཏགས་པ་ཙམ།བརྡ་ཙམ།ཐ་སྙད་ཙམ་སྟེ།།བརྟགས་པ།ཡོངས་སུ་བརྟགས་པ།མ་བྱུང་བ་མེད་པ།རྫས་མ
458a5 ཡིན་པ།རྫས་མེད་པ།ལེན་པ་མེད་པ།བསྟན་དུ་མེད་པ།མངོན་པར་ཆགས་པ་མེད་པ་ཡིན་ཏེ།དེ་ལ་ནི་མངོན་པར་རྫོགས་པར་འཆིང་རྒྱབ་སུའང་མེད།ཅིས
458a6 མངོན་པར་རྫོགས་པར་འཚང་རྒྱ་བའང་མེད།མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ཅིའང་མེད།རྣམ་པ་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ
458a7 བའང་མེད་དེ།འདི་ལ་གང་དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་བདེའི་ཕྱིར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཞེས་བྱ་སྟེ།བྱང་ཆུབ་ནི་འགྱུར་བ
iiif viewer powered by OpenSeadragon
457b - 458b