| | e-texts navigator
|
457b1 ནི་བཅད།བདག་གིས་ལམ་ནི་ཡང་དག་པར་བསྟན།བདག་གིས་ཞིང་ངན་པ་དག་ནི་རྣམ་པར་བཟློག།བདག་གིས་བསོད་ནམས་ཀྱི་ཞིང་དག་ནི་ཡང་དག་པར་བསྟུན་ན།།
457b2 འདི་ལྟར་བདག་གིས་བྱང་ཆུབ་དེ་ཇི་ལྟར་ཁྲོང་དུ་ཆུད་པ་དང་།གང་གིས་ཁོང་དུ་ཆུད་པ་དང་།སུས་ཁོང་དུ་ཆུད་པར་འགྱུར་བའི་ཆོས་དེ་ལ་ངེས་པར་བརྟག་པར་བྱ་སྟེ།ཅི་ལུས
457b3 གྱིཀྱིས་ཁོང་དུ་ཆུད་དམ།འོན་ཏེ་སེམས་ཀྱིས་ཁོང་དུ་ཆུད།གལ་ཏེ་ལུས་ཀྱིས་ཁོང་དུ་ཆུད་ན་ནི་ལུས་ནི་བྲིམས་པོ།གཡོ་བ་མེད་པ།རཱུ་དང་།ཤིང་དང་།ཅིག་པ་དང་།
457b4 བོང་བ་དང་།མིག་ཡོར་ལྟ་བུ་སྟེ།སེམས་མེད་པ།འབྱུང་བ་ཆེན་པོ་བཞི་ལས་གྱུར་པ།ཕམྦིའི་མི་གཙང་བ་ལས་བྱུང་གཱ་མི་རྟག་པ་དང་།རྟག་ཏུ་བསྡུ་བ་དང་།བཀྲ
457b5 བ་དང་།མཉེ་དགོས་པ་དང་།འཇིག་པ་དང་།རྣམ་པར་འགྱེས་པ་དང་།རྣམ་པར་འཇིག་པའི་ཆོས་ཅནྡ་ནོ།།སེམས་ནི་སྒྱུ་མ་དང་མཚུངས་པ།རྟེན་ཅིང་འབྲེལ
457b6 བར་འབྱུང་བ།གནས་མེད་པ།མཚན་ཉིད་མེད་པ།དངོས་པོ་མེད་པ།བླ་གབ་མེད་པའོ།།བྱང་ཆུབ་ནི་མུང་ཙམ་ཐ་སྙད་ཙམ་སྟེ།།སྒྲ་སྐད་མེད་པ།དཔྱད་དུ་མེད
457b7 པ།གྲུབ་པ་མེད་པ།རྒྱུ་བ་མེད་པ།འཇུག་པ་མེད་པ།རྣམ་པར་རིག་པ་མེད་པ།གདགས་པར་བྱ་བ་མ་ཡིན་པ།འོང་བ་དང་འགྲོ་བ་ལས་ཡང་དག་པར་འདས་པ།
iiif viewer powered by OpenSeadragon
457a - 458a