| | e-texts navigator
|
457a1 རིག་ཡཱ་ན་གཡ་མགྲོའི་མཆོད་རྟེན་ན།དགེ་སློང་སྟོང་དུ་ཆུང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་སྔོན་རལ་པརྒྱུན་དུ་གྱུར་པ།བྱ་བ་བྱས་པ།
457a2 བྱེད་པ་བྱས་པ།།ཁུང་བོ་ག།བདག་གི་དོན་རྗེས་སུ་ཐོབ་པ།སྐྱེད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ།ཡང་དག་པོའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་པོ།སེམས་ཀྱི་དབང
457a3 ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སན་པ།དགྲ་བཅོམ་པ་ཤ་སྟག་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏཱ་བཞུགས་ཏེ།
457a4 དེ་ནས་བཅོམ་ལྡན་འདས་གཅིག་པུ་དབེན་པར་གཤེགས་པ་རླུང་དུ་ཡང་དག་བཞག་ནས་ཆོས་ཀྱི་དབྱིངས་ཉིད་ལ་བརྟགས་ཏེ།བདག་གིས་བྱང་ཆུབ་ནི་ཐོག་བདག་གིས
457a5 ཡེ་ཤེས་ནི་ཁྲོང་དུ་ཆུད།བྱ་བ་ནི་བྱས།བདག་གིས་ཁུར་ནི་བོར།བདག་གིས་འཁོར་བའི་འཕྲོག་དགོན་པ་ལས་ནི་རྒལ།བདག་གིས་མ་རིག་པ་ནི་བསྔལ།བདག
457a6 གིས་རེག་པ་ནི་སྒྲུབ།བདག་གིས་དྲུག་རྔུ་ནི་ཕྱུང་།བདག་གིས་སྐྱེད་པ་ནི་ཟད།བདག་གིས་ཆོས་ཀྱི་གྲུ་ནི་སྦྱར།བདག་གིས་ཆོས་ཀྱི་རྔ་ནི་བརྡུངས།བདག་གིས་ཆོས
457a7 དུང་ནི་བུས།བདག་གིས་ཆོས་ཀྱི་རྒྱལ་མཚན་ནི་བསྒྲེང་།བདག་གིས་འཁོར་བའི་ལུགས་ནི་བཟློག།བདོག་གིས་ཆོས་ཀྱི་ལུགས་ནི་བསྙད།བདག་གིས་ལམ་ངན་པ
iiif viewer powered by OpenSeadragon
456b - 457b