| | e-texts navigator
|
298a1 བཞིན།།དེ་ཕྱིར་རིགས་པ་རིགས་པ་ཡིན།།དེ་ལས་གཞན་དུ་མ་རྟོག་ཅིག།མིག་དང་ལས་དང་སྲེད་པ་དང་།།མ་རིག་དེ་བཞིན་ཚུལ་བཞིན་མིན།།མིག
298a2 དང་གཟུགས་དང་ཡིད་རྣམས་དང་།།རྙོག་པའི་ཡིད་ཀྱང་དེ་བཞིན་ནོ།།འཕགས་པ་ལ་ངྐར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཇི་སྙེད་པ་རྫོགས་སོ།།།
298a3 བཅོམ་ལྡན་འདས་ཀྱི་རིང་ལུགས་པ།འགོས་ཆོས་གྲུབ་ཀྱི་རྒྱའི་དཔེ་ལས་བསྒྱུར་ཏི་གཏན་ལ་ཕབ་པའོ།།འཕགས་པ་ལངྒར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས
298a4 ཅད་ཀྱི་གསུང་གི་སྙིང་པོ་ཞེས་བྱ་བའི་ཁེའུ།།བམ་པོ་དང་པོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས
298a5 གཅིག་ན།བཅོམ་ལྡན་འདས་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ལངྐའི་རིའི་རྩེ་མོ་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་བཀོད་པ་ན།དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ
298a6 སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ཐ་དད་པ་ནས་འདུས་པ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ།བྱང་ཆུབ་སེམས་དཔའ་སེམས་དཔའ
298a7 ཆེན་པོ་དེ་དག་ཐམས་ཅད་ཀྱང་ཚད་མེད་པའི་ཏིང་ངེ་འཛིན་དང་།དབང་པོ་དང་།སྟོབས་དང་།མངོན་པར་ཤེས་པས་རྣམ་པར་རྩེན་པ་ཤ་སྟག་ལ།བྱང་ཆུབ་སེམས
iiif viewer powered by OpenSeadragon
297b - 298b