| | e-texts navigator
|
296b1 ཅན་གང་གིས་རབ་ཏུ་བྱུང་།།ཕུང་པོ་སྐྱེ་མཆོད་ཚོགས་རྣམས་ཀྱི།།རྒྱུ་ནི་ཡིད་ལ་སོགས་པ་སྟེ།།བདག་མེད་རྟག་ཏུ་འདྲོན་མང་བཞིན།།སེམས་དང་བཅས་ཏེ་རབ་ཏུ་འཇུག།འདི་གཉིས
296b2 རྟག་ཏུ་འོད་གསྔལ་བ།།རྒྱུ་དང་འབྲས་བུ་སྤུངས་པའོ།།དེ་དག་སྒྲུབ་པ་མ་མ་ཡིན།།རྟོག་གེ་ཅན་གྱིས་མི་ཤེས་སོ།།སེམས་དང་སེམས་ཅན་མྱ་ངན་འདྲས།།རང་བཞིན་གྱིས་ནི་འོད
296b3 གསལ་ཏེ།།ཡིད་ལ་སོགས་པའི་ཉེས་པ་ཡིས།།ཉོན་མོངས་མཁའ་བཞིན་ཐ་དད་མིན།།གླང་པོའི་མལ་སོགས་བཞིན་སྤྱན་ཡོད།།མུ་སྟེགས་ལྟ་བས་དྲི་མར་བྱས།།ཡིད་ཀྱི་རྣམ་པར
296b4 ཤེས་པས་གཡོགས།།མེ་ལ་སོགས་པས་རྣམ་པར་སྦྱངས།།དེ་ཡིས་ཡང་དག་ཇི་བཞིན་མཐོང་།།མཐོང་ནས་ཉོན་མོངས་རྣམས་ཀྱང་བཤིག།ཐིབས་པོའི་དཔེ་རྣམས
296b5 རབ་སྤངས་ཏེ།།དེ་དག་འཕགས་པའི་སྤྱོད་ཡུལ་དོང་།།ཤེས་དང་ཤེས་བྱའི་བྱེ་བྲག་གིས།།དྲི་གཉིས་གཞན་དུ་མི་བརྟག་པ།།བློ་ངན་རྣམས་ཀྱིས་མི་རྟོགས་ཏེ།།བརྗོད་དུ
296b6 མེད་པ་སྨྲ་བར་བྱེད།།ཇི་ལྟར་ཙནྡན་བྱས་པའི་རྔ།།བྱིས་པ་དག་ནི་གཞན་དུ་བྱེད།།དེ་བཞིན་ཙནྡན་ཨ་གར་འདྲའོ།།ཤེས་པ་རྟོག་གོ་ངན་པས་སོ།།ལངས་ནས་ཁ་ཟས
296b7 ཕྱིས་མི་ལེན།།ལྷུང་བཟེད་གནས་དང་ཕྱིང་བ་ཅན།།གདོང་འགྱུར་ལ་སོགས་ཉོས་པ་རྣམས།།དགེ་བས་ཟས་ལ་སྤྱད་པར་བྱ།།སུ་ཞིག་ཚུལ་འདི་རིགས་པས་དཔོག
iiif viewer powered by OpenSeadragon
296a - 297a