| | e-texts navigator
|
295a1 ལན་ཚུལ་སོགས་རོ་ཡོད་དང་།།ཅི་ཕྱིར་ས་བོན་བཞིན་མི་འགྱུར།།དེ་ཉིད་དང་ནི་ཐ་དད་དང་།།དེ་བཞིན་གཉིས་ཀ་གཉིས་མ་ཡིན།།ཡོད་པ་ཡི་ནཱི་རྒྱུ་མེད།།
295a2 དེ།།འདུས་བྱས་ལ་མེད་མེད་པ་མིན།།བདག་ནཱི་རྟ་དང་འདྲ་བར་ཡོད།།ཕུང་པོ་བ་ལང་ངོ་བོ་སྤངས།།འདུས་བྱས་འདུས་མ་བྱས་པ་ལ།།སྨྲར་མེད་བརྗོད་མེད་རང་བཞིན་ནོ།།།
295a3 ལུང་དང་རིག་བསྲ་ངན་པར་མཐོང་།།རྟོག་གེའི་ལྟ་བས་དྲི་མར་བྱས།།ཕྱེ་བ་མེད་པརཱ་བདག་ཏུ་སྨྲ།།རྒྱུ་མོད་མ་ཡིན་གཞན་ན་མེད།།དེ་དག་གི་ནི་ཉེས་བསགས་པ།།
295a4 ཕུང་པོ་བདྲག་ཏུ་མི་བསྒོམ་སྟེ།།གཅིག་པ་དང་ནི་དེ་ལས་གཞན།།རྟོག་གི་ཅན་གྱིས་མི་ཤེས་སོ།།མེ་ལོང་ཆུ་དང་མིག་རྣམས་ལ།།ཇི་ལྟར་གཟུགས་བརྙན་སྣང་འགྱུར
295a5 བ།།གཅིག་དང་ཐ་དད་བྲལ་བ་བཞིན།།དེ་བཞིན་གང་ཟག་ཕུང་པོ་ལའོ།།བསྒོམ་དང་རྣམ་བསྒོམ་བསམ་གཏན་པ།།ལམ་དང་བདེན་དང་མཐོང་བ་སྟེ།།དེ་རྣམས
295a6 གསུམ་ནི་རྣམ་བསྒོམས་ན།།ལྟ་བ་ངན་ལས་གྲོལ་བར་འགྱུར།།ཇི་ལྟར་མཐོང་ནུ་ཞིག་པའི་གློག།ཁྱིམ་བུ་ཁ་ཡི་འཁོར་ལོ་ལྟར།།དེ་བཞིན་ཆོས་ཀུན་འགྱུར་བ
295a7 ལ།།བྱིས་པ་བཞིན་དུ་མ་རྟོག་ཅིག།དངོས་པོ་མེད་པས་མྱ་ངན་འདས།།བྱིས་པའི་སེམས་ནི་རྨོངས་པར་བྱེད།།ཇི་ལྟར་འདུག་བཞིན་མཐོང་བ་དང་།།འཕགས་པས
iiif viewer powered by OpenSeadragon
294b - 295b