e-texts navigator
Collection
Volume
Page
Wylie

293b1 རྣལ་འབྱོར་གྱིས་ནི་ནན་ཏན་དུ།།དུས་མཚམས་གསུམ་དང་སྡོམ་གསུམ་བྱས།།མདའ་དང་རྡོ་དང་ཤིང་ལ་སོགས།།འཕེན་ལ་སོགས་པས་བསྐྱོད་པ་དང་།།གཅིག་འཕངས
293b2 ན་ནི་གཅིག་ལྷུང་འགྱུར།།དགེ་དང་མི་དགེ་དེ་བཞིན་ནོ།།གཅིག་པུ་མང་པོ་མ་ཡིན་ཏེ།།མི་འདྲིའི་མཚན་ཕྱིར་གང་ནའང་མེད།།ལེན་པ་ཀུན་ནི་རླུང་དང་འདྲ།།སྦྱིན་པ་བྱེད་པ་ཞིང
293b3 བཞིན་ནོ།།གྲལ་ཏེ་གཅིག་པོ་མང་འགྱུར་ན།།ཐམས་ཅད་མ་བྱས་པར་འགྱུར་རོ།།བྱས་ན་རྣམ་པར་འཇིག་པར་འགྱུར།།འདི་ནི་རྟོག་གེ་ཅན་གྱི་ཚུལྔ།།དེ་ནི་མོར་མེ་ས་བོན
293b4 འདྲ།།འདྲ་ཕྱིར་མང་དུ་ག་ལ་འགྱུར།།དེ་ལྟ་བུར་ན་མང་དུ་འགྱུར།།དེ་ནི་རྟོག་གྲེ་པ་ཡི་ཚུལ།།ཏིལ་ལས་བལ་སྲན་སྐྱེ་མི་འགྱུར།།འབྲས་ནི་ནས་ཀྱི་རྒྱུ་ལས་མིན།།གྲོ་དང
293b5 འབྲུ་ཡི་རྣམ་པ་དག།གཅིག་ན་ཇི་ལྟར་མང་པོར་འགྱུར།།སྒྲ་བྱེད་པ་ནི་པ་ཎི་ནི།།རྐང་པའི་མིག་དང་ཆེ་དབང་དང་།།ཚངས་པ་དང་ནི་གར་རྒ་དང་།།འཇིག་རྟེན་རྒྱང་པ་ན
293b6 བྱེད་པ་འབྱུང་།།ཀཱ་ཏྱཱ་ཡ་ན་མདོ་བྱེད་པ།།མཆོད་སྦྱིན་བལ་ཀ་དེ་བཞིན་ཏེ།།བྷུ་དྷུ་ཀ་དང་སྐར་མཁན་དག།རྩོད་པའི་དུས་ན་འབྱུང་བར་འགྱུར།།བསོད་ནམས་བྱས་པའི
293b7 འཇིག་རྟེན་གྱི།།སྐྱེ་དགུའི་དཔལ་གྱི་སྟོབས་ཅན་འབྱུང་།།ཆོས་ཀུན་ལ་ནི་སྲུང་བྱེད་པ།།རྒྱལ་པོ་སྟོབས་ཅན་ས་གཏོང་བའོ།།གྲོག་མའི་མཁར་དང་སྲན་ཆུང་མིག།གྱ




iiif viewer powered by OpenSeadragon

293a - 294a

Texts on this page

N95 - 'phags pa lang kar gshegs pa'i theg pa chen po'i mdo