e-texts navigator
Collection
Volume
Page
Wylie

292b1 མུ་སྟེགས་མཚན་མ་སྤངས་པ་ཡི།།རྣལ་འབྱོར་ཅན་གྱིས་བསྟན་པ་བུ་ཤད།།དེ་ནི་སངས་རྒྱས་རྒྱལ་མཚན་ནོ།།ཚགས་ཀྱིས་བཅགས་པའི་ཆུ་ཡང་བཏུང་།།རྐེད་པའི་སྲད་བུ
292b2 བཅིང་བར་བྱ།།དུས་སུ་འོས་པར་གྱུར་པ་དང་།།དམའ་བ་སྤངས་པའི་སློངས་མོ་ཟས།།མཐོ་རིས་ནས་ནི་ལྷ་རྫས་འབྱུང་།།གཉིས་པོ་གཞན་ནི་མི་ལུས་འབྱུང་།།རིན་ཆེན་མཚན་རྣམས
292b3 ཕུན་སུམ་ཚོགས།།ལྷར་སྐྱེས་པ་ཡི་འགྲོ་བའི་དབང་།།མཐོ་རིས་ཕྱན་བྱེད་ཆོས་སྟོན་པ།།གླིང་བཞི་རྣམས་ལ་རབ་ཏུ་སྤྱོད།།ཤིན་ཏུ་ཡུན་རིང་གླིང་སྤྱད་ནས།།སྲེད་པས་རྣམ་པར
292b4 འཇིག་པར་འགྱུར།།བྱིས་པའི་དུས་དང་སྐྱབས་བྱུང་དུས།།གཉིས་པོ་གཞན་དང་རྩོད་པ་སྟེ།།ང་དང་གཞན་ནི་བྱས་དུས་ལ།།ཤཱཀྱ་སེང་གེ་རྩོད་པའི་དུས།།དུས་གྲུབ་པ་དང་ཤཱཀྱའི
292b5 སྲས།།འཇུག་སེལ་རྒྱས་དང་དབང་ཕྱུག་དང་།།དེ་ལ་སོགས་པའི་མུ་སྟེགས་ཅན།།མྱ་ངན་ང་འདས་འབྱུང་བར་འགྱུར།།འདི་སྐད་བདག་གིས་ཐོས་ལ་སོགས།།ཤཱཀྱ་སེང་གེའི
292b6 བཤད་པ་ཡིན།།སྡུང་དང་སྔན་ཆད་བྱུང་བ་དག།དེ་དག་རྒྱས་པའི་ཡིན་པར་འགྱུར།།འཇུག་སེལ་དང་ནི་དབང་ཕྱུག་ཀྱང་།།འབྱིན་པར་བྱེད་པ་འཆུད་པར་འགྱུར།།མྱ་ངན་པ
292b7 འདས་ཕྱིན་ཆད་ནི།།དེ་ལྟ་བུ་ལ་སོགས་པར་འབྱུང་།།ང་ཡི་མ་ནི་ནོར་ལྡན་ཏེ།།ཕ་ནི་བྲམ་ཟེ་སྐྱེ་དགུའི་བདག།ང་ནི་ཀཱ་ཏཱ་ཡ་ནིའི་རིགས།།མིང་ནི་རྡུལ་མེད་རྒྱལ་པོའོ།།ཡབ




iiif viewer powered by OpenSeadragon

292a - 293a

Texts on this page

N95 - 'phags pa lang kar gshegs pa'i theg pa chen po'i mdo