| | e-texts navigator
|
292a1 ནི་བདག་མེད་པའོ།།རྒྱས་དང་གཟེག་ཟན་ཁྱུ་མཆོག་དང་།།སེར་སྒྱུ་ཤཱཀྱའི་གཙོ་བོ་རྣམས།།ང་ནི་མྱ་ངན་འདས་འོག་ཏུ།།དེ་ལ་སོགས་པ་འབྱུང་བར
292a2 འགྱུར།།མྱ་ངནང་འདས་ལོ་བརྒྱན།།རྒྱུས་དང་ཁུར་འཕེལ་དེ་བཞིན་དུ།།པན་ཌཱ་བ་དང་ཀྲོའུ་ར་བ།།དགའ་བོའི་འོག་ཏུ་མོའུ་རི་འབྱུང་།།མོའུ་རྱ་དགའ་བོ་སྐྱབས་འོག་ཏུ།།
292a3 ཀླ་ཀློ་རྒྱལ་པོའི་ཐ་ཤལ་རྣམས།།ཀླ་ཀློའི་རྗེས་ལ་མཚོན་གྱིས་འཁྲུག།མཚོན་གྱི་རྗེསུ་ལ་རྩོད་དུས་སོ།།རྩོད་པའི་དུས་ཀྱི་ཐ་མ་ལ།།འཇིག་རྟེན་དམ་ཆོས་མི་སྒོམ་མོ།།དེ་ལ
292a4 སོགས་པ་འདས་པ་དག།འགྲོ་བ་འཁོར་ལོ་བཞིན་དུ་འཁོར།།མི་དང་ཉི་མར་ཕྲད་པའི་ཕྱིར།།འདོད་པའི་ཁམས་ནི་བསྲེགས་ནས་ཀྱང་།།གང་ལ་འཇིག་རྟེན་གནས་སུ་འགྱུར།།
292a5 ཕྱི་ནས་ལྷ་རྫས་གནས་སུ་འགྱུར།།རིགས་བཞི་མི་མགོན་དབང་པོ་དང་།།དྲང་སྲོང་རྣམས་དང་ཆོས་ཀྱང་སྟེ།།རིག་བྱེད་ཆོས་སྦྱིན་མཆོད་སྦྱིན་དང་།།ཆོས་ཀྱི་རྣམས་ནི་འབྱུང
292a6 བར་འགྱུར།།གཏམ་དང་སྲུང་ལ་སོགས་པ་དང་།།རྐྱང་པ་རྟོགས་བྱེད་འགྲེལ་པ་དང་།།འདི་སྐད་བདག་གིས་ཐོས་སྲོགས་པས།།འཇིག་རྟེན་ཤིན་ཏུ་རྨོངས་པར་འགྱུར།།
292a7 ཤིན་ཏུ་བཅོས་ཤིང་བཅག་བྱས་ནས།།སྟེང་ནས་ཁ་དོག་སྦྱར་བར་བྱ།།སྔོ་དང་ལྕི་བ་འདམ་སོགས་པས།།སྣམ་བུ་ཤིན་ཏུ་བྲི་བར་བྱ།།ལུས་ནི་གོས་རྣམས་ཀྱིས་བཀྲ་བ།།
iiif viewer powered by OpenSeadragon
291b - 292b