e-texts navigator
Collection
Volume
Page
Wylie

289b1 པར་ཁོང་དུ་ཆུད་པར་བླ།།ཉེར་ལྡོན་བཅས་པའི་དམིགས་པ་ནི།།ལས་དང་ཚེ་དང་བྱེད་སོགས་པས།།འདྲ་དང་མྱི་འདུ་ཚུལ་རྣམས་ཀྱིས།།དེ་བཞིན་དུ་ནི་སྒྲུབ་པར་བྱེད།
289b2 ལྷར་བསྲེག་བྱ་སྲེག་བྱེད་ལ།།མེ་ནི་ཅིག་ཅར་སྲེག་པ་བཞིན།།དེ་བཞིན་ཉེར་ལེ་ནོ་བཅས་པའི་བདག།ཅི་ཕྱིར་རྟོག་གི་ཅན་མི་སྟོན།།རྟག་ཏུ་སྐྱེས་དང་མ་སྐྱེས་ཀྱང་།།སེམས
289b3 ནི་ཤིན་ཏུ་འོད་གསལ་ན།།བདག་བསྒྲུབས་པ་ཡི་དཔེ་དག་ཏུ།།ཅི་ཕྱིར་རྟོག་གྲེ་ཅན་མི་བྱེད།།རྟོག་ག་ཅན་ནི་ཚུལ་སྤངས་པ།།རྣམ་ཤེས་ཐོབས་པོར་རྨོངས་པ་དག།
289b4 བདག་ཏུ་སྨྲ་བར་བྱེད་འདོད་པས།།ཕན་ཚུན་དག་ཏུ་རབ་ཏུ་རྒྱུག།ཕན་རྒྱུར་རང་རིག་རྟོགས་བྱ་བ།།བདག་ནི་རྣམ་དགྲ་མཚན་ཉིད་དོ།།དེ་བཞིན་གཤེགས་པའི་སྙིང་པོ་དེ།
289b5 རྟོག་གི་ཅན་གྱི་སྤྱོད་ཡུལ་མིན།།ཉེར་ལྗིན་ཉི་བྱར་ལེན་བྱིད་ཀྱི།།བྱེ་བྲག་དང་ནཱི་ཕུང་པོ་ཡི།།མཚན་ཉིད་གལ་ཏེ་ཤེས་གྱུར་ན།།ཚུལ་གྱི་ཡེ་ཤེས་སྐྱེ་བར་འགྱུར།།མུ
289b6 སྟེགས་ཅན་གྱིས་བརྗོད་པ་ནི།།ཀུན་གཞི་སྙིང་པོ་ལྟ་བུ་བསོམ།།བདོག་དང་ལྷན་ཅིག་ལྡན་པའི་ཆོས།།རབ་ཏུ་བརྗོད་པ་མ་བྱས་སོ།།དེ་དགུ་རབ་ཏུ་ཕྱེ་བསྔོ་ན།།རྣམ་པར་ཐར
289b7 དང་བདེན་མཐོང་ན།།སྒོམ་དང་མཐོང་བས་སྤང་བ་ཡི།།ཉོན་མོངས་རྣམས་ཀྱང་སྦྱང་བ་ཡི།།སེམས་ནི་རང་བཞིན་འོད་གསལ་ཏེ།།དེ་བཞིན་གཤེགས་པའི་སྙིང་པོ




iiif viewer powered by OpenSeadragon

289a - 290a

Texts on this page

N95 - 'phags pa lang kar gshegs pa'i theg pa chen po'i mdo