e-texts navigator
Collection
Volume
Page
Wylie

288a1 ཀྱིས།།སེམས་ནི་རྟོགས་པར་མི་ནུས་ཏེ།།གང་ལ་གང་ཕྱིར་གང་དོན་དུ།།འདུས་པ་རྣམས་ནི་མི་རྟོགས་སོ།།ཆོས་རྣམས་མཚན་ཉིད་མི་འདྲ་སྟེ།།
288a2 སེམས་གཅིག་པོ་ནི་མི་གཟུང་ངོ་།།རྒྱུ་མེད་པ་དང་མི་འཇུག་པར།།རྟོག་གེ་བ་ལ་ཉེས་པར་འགྱུར།།སེམས་ཀྱི་རྗེས་ལྟ་རྣལ་འབྱོར་པ།།སེམས་རྣམས་ཀྱིས་ནི།
288a3 སེམས་མི་མཐོང་།།མཐོང་མེད་སྣང་ལ་འབྱུང་བས་ན།།སྣང་བ་ཅི་ཡི་རྒྱུ་ལས་བྱུང་།།ང་ནི་ཀཱ་ཏྱཱ་ཡ་ནའི་རིགས།།གཙང་མོའི་གནས་ནས་བྱུང་བ་སྟེ།།མྱ་ངན་འདས
288a4 པཱཔའི་གྲོང་འགྲོ་བའི།།ཆོས་ནི་སེམས་ཅན་རྣམས་ལ་སྟོན།།འདི་ནི་སྔོན་གྱི་ལམ་ཡིན་ཏེ།།དེ་དང་དེ་བཞིན་གཤེགས་རྣམས་ཀྱིས།།སྟོང་ཕྲག་གསུམ་གྱི་མདོ་རྣམས
288a5 ཀྱིས།།མྱ་ངན་འདས་པ་ཤིན་ཏུ་བཤད།།འདོད་པའི་ཁམས་དང་གཟུགས་མེད་དུ།།སངས་རྒྱས་རྣམ་པར་འཚང་མི་རྒྱུ།།གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ།།
288a6 འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ།།འཆིང་བའི་རྒྱུ་ནི་ཡུལ་མ་ཡིན།།ཡོད་དང་མེད་པའི་ཕྱོགས་སུ་ལྷུང་།།དབེན་པའི་དོན་གྱིས་རྣམ་པར་སྤངས།།དབྱིབས་དང་བྱད
288a7 ཀྱི་བྱེ་བྲག་དག།འབྱུང་ལས་སྐྱེས་ཏེ་འབྱུང་བ་མིན།།མུ་སྟེགས་ཅན་ནི་འབྱུང་འགྱུར་དང་།།འབྱུང་བ་རྣམས་ཀྱང་སྐྱེ་བར་སྨྲ།།དེ་ལས་གང་གཞན་མུ་སྟེགས་ཅན།།




iiif viewer powered by OpenSeadragon

287b - 288b

Texts on this page

N95 - 'phags pa lang kar gshegs pa'i theg pa chen po'i mdo