e-texts navigator
Collection
Volume
Page
Wylie

287b1 ཕུང་པོ་ལའོ།།རིག་པ་མི་ཤེས་པ་ས་མི་མཐོང་།།ཇི་ལྟར་སྨན་གྱིས་གསོས་པ་དག།ཇི་ལྟར་མི་ནི་ཤཱིང་རྣམས་ལ།།རིགས་པ་མི་ཤེས་པས་མི་མཐོང་།།དེ་བཞིན་གང་ཟག
287b2 ཕུང་པོ་ལའོ།།དངོས་པོ་རྣམས་ལ་མི་རྟག་དང་།།སྟོང་པ་ཉིད་ཀྱང་ཡོད་བཞིན་དུ།།མི་མཁས་རྣམས་ཀྱིས་མི་མཐོང་བ།།དེ་བཞིན་གང་ཟག་ཕུང་པོ་ལྔའོ།།ས་དང་དབང་དང
287b3 མངོན་ཤེས་དང་།།བླ་མ་ཡི་ནི་དབང་བསྐུར་དང་།།ཏིང་ངེ་འཛིན་གྱི་ཁྱད་པར་རྣམས།།བདག་མེད་ན་ནི་མེད་པ་ཡིན།།གང་ཚེ་འཇིགས་བྱེད་སོང་ནས་ནི།།གལ་ཏེ་ཡོད་ན་སྟོན
287b4 ཅེས་ཟེར།།རང་གི་རྣམ་རྟོག་སྟོན་ཅིག་ཅེས།།དེ་ལ་མཁས་པས་བསྒོ་བར་བྱ།།སངས་རྒྱས་ཆོས་ལ་གནོད་བྱེད་པ།།ཡོད་མེད་ཕྱོགས་ལ་ལྟ་བ་ཡི།།བདག་མོད་སྨྲ་དང་སྨྲར
287b5 མི་བྱ།།དགེ་སློང་ལས་ལ་སྤངས་པར་བྱ།།བདག་མེད་ནགས་ཚལ་སྲེག་བྱེད་ཅིང་།།མུ་སྟེགས་ཉེས་ལས་རྣམ་གྲོལ་བ།།དུས་མཐའི་མེ་ནི་འབར་བ་བཞིན།།བདག་ཏུ་སྨྲ
287b6 འདི་རབ་ཏུ་འབར།།ཁཎྜ་སྦྲང་རྩི་ཁ་ར་དང་།།མར་དང་ཏིལ་ལ་སྲོགས་པ་ལ།།དེ་དག་རང་གི་རོ་ཡོད་ཀྱང་།།མ་མྱངས་བར་དུ་སྟེགས་མི་འགྱུར།།ཕུང་པོ་མཐོང་བ་རྣམས
287b7 ལ་དག།རྣམ་པ་ལྔར་ནི་གཟུང་བྱས་ཀྱང་།།མི་མཁས་རྣམས་ཀྱིས་མི་མཐོང་སྟེ།།མཁས་པས་མཐོང་ནས་རྣམ་པར་གྲོལ།།རིགས་སྔགས་ལ་སོགས་དཔེ་རྣམས




iiif viewer powered by OpenSeadragon

287a - 288a

Texts on this page

N95 - 'phags pa lang kar gshegs pa'i theg pa chen po'i mdo