e-texts navigator
Collection
Volume
Page
Wylie

287a1 པ།།འབྱུང་བས་ཇི་ལྟར་སྐྱེ་བར་འགྱུར།།རྣམ་པར་ཤེས་དང་གཟུགས་ཕུང་པོ།།དེ་ནི་གཉིས་ཏེ་ལྔ་མ་ཡིན།།ཕུང་པོའི་རྣམ་གྲངས་ཐ་དད་པ།།
287a2 དུས་ནི་རྣམ་པ་བརྒྱར་ཡང་བཤད།།སེམས་དང་སེམས་བྱུང་བྱེ་བྲག་ནི།།འཇུག་པ་རབ་ཏུ་འཇུག་པ་ཡིན།།གཟུགས་ཀྱི་རྣམ་པར་འདྲེས་པ་སྟེ།།འབྱུང་ལས་གྱུར
287a3 མིན་སེམས་གཟུགས་སོ།།སྔོ་ལ་སོགས་པ་ཟླ་ཡིས་དཀར།།དཀར་ལ་སོགས་པའི་ཟླ་ཡིས་སྔོ།།རྒྱུ་དང་འབྲས་བུ་བསྐྱེད་པ་དང་།།ཡོད་དང་མེད་དང་སྟོང་པ་ཉིད།།
287a4 གྲུབ་བྱེད་གྲུབ་དང་བསྒྲུབ་བྱ་དང་།།གྲང་དྲོ་མཚན་དང་མཚན་གཞི་དང་།།དེ་ལ་སོགས་པ་ཐམས་ཅད་ནི།།རྟོག་གི་ཅན་གྱིས་མ་བསྒྲུབས་སོ།།སེམས་དང་ཡིད
287a5 དང་རྣམ་ཤེས་དྲུག།དེ་དག་བདག་དྲང་ལྡན་པ་སྟེ།།གཅིག་དང་ཐ་དད་བྲལ་བ་ཡི།།ཀུན་གཞི་དེ་ནི་རབ་ཏུ་འཇུག།གྲངས་ཅན་གཙོར་བུ་ཁྱད་པར་ཅན།།དབང
287a6 ཕྱུག་སྨྲས་པའི་རྟོག་གེ་པ།།ཡོད་བཞིན་དུའང་མིང་མི་སྣང་བ།།དེ་བཞིན་གང་ཟག་ཕུང་པོ་ལའོ།།སེམས་དྲང་སེམས་ལས་བྱུང་སོགས་དང་།།བདག་གི་ཡོན་ཏཱན
287a7 ཕུང་པོ་ལྡན།།མི་མཁས་པ་ནི་མི་ཤེས་སོ།།དེ་བཞི་ནི་གང་ཟག་ཕུང་པོ་ལའོ།།ཇི་ལྟར་སྦྲུམ་མར་གྱུར་པའི་བུ།།ཡོད་བཞིན་དུ་ཡང་མི་སྣང་བ།།དེ་བཞིན་བདག་ཉིད




iiif viewer powered by OpenSeadragon

286b - 287b

Texts on this page

N95 - 'phags pa lang kar gshegs pa'i theg pa chen po'i mdo