| | e-texts navigator
|
285b1 བཤད་དོ།།ལྟ་བའི་རྒྱུ་ལས་བྱུང་བ་ཡི།།སྐྱེ་དང་མི་སྐྱེ་སྤང་བར་བྱོས།།རྒྱུ་མེདད་སྨྲ་བྲས་མི་སྐྱེ་དང་།སྐྱེ་བའི་རྒྱུ་ཡི་གནས་སུ་འགྱུར།།ལྷུན་གྱིས་གྲུབ་ལ་བྱ་བ་མེད།།གྲལ
285b2 ཏེ་བྱ་ཡོད་ལྟ་འདྲེས་འགྱུར།།ཐབས་དང་སྨོན་ལམ་ལ་སོགས་པས།།ལྟ་བ་ཉིད་ནི་བདག་ལ་གསུངས།།ཆོས་རྣམས་ཐམས་ཅད་མེད་པའི་ཕྱིར།།ཇི་ལྟ་བུ་ན་དཀྱིལ་འཁོར་སྟེ།།།
285b3 གཟུང་དང་འཛིན་དང་བྲལ་བའི་ཕྱིར།།འཇུག་པ་མེད་ཅིང་ལྡོག་པ་མེད།།དངོས་པོ་ལས་ནི་དངོས་གཞན་མཐོང་།།སེམས་ཀྱང་དེ་ལས་བྱུང་བ་སྟེ།།ཆོས་རྣམས་ཀྱི་ནི་སྐྱེ་མེད་པ།།
285b4 དེ་ནི་ཇི་ལྟར་བདག་ལ་གསུངས།།གལ་ཏེ་སེམས་ཅན་མི་ཤེས་ན།།དེ་ཡི་ཕྱིར་ནི་དེ་བཤད་དོ།།ཐུབ་ཆེན་བཤད་པ་ཐམས་ཅད་ལ།།སྔ་མ་དང་ནི་ཕྱི་མར་འགལ།།མུ་སྟེགས
285b5 ལྟེ་ངས་རྣམ་གྲོལ་བ།།མི་མཉམ་རྒྱུ་མེད་སྤངས་པ་ཡི།།འཇུག་པ་དང་ནི་ལྡོག་པ་རྣམས།།སྨྲ་བའི་མཆོག་གིས་བདག་ལ་གསུངས།།ཡོད་དང་མེད་ལས་རྣམ་གྲོལ་ཞིང་།།
285b6 རྒྱུ་དང་འབྲས་བུ་མི་འཇིག་པའི།།ས་ཡི་རིམ་པའི་མཚམས་སྦྱོར་བ།།པདྨོ་སྦྱིན་གྱིས་བདག་ལ་གསུངས།།འཇིག་རྟེན་མཐའ་གཉིས་ལྷུང་བ་ནི།།ལྟ་བས་རྣམ་པར་དཀྲུགས
285b7 གྱུར་པས།།སྐྱེ་དང་མི་སྐྱེ་ལ་སོགས་ཕྱིར།།ཞི་བ་ཡི་ནི་རྒྱུ་མི་རྟོགས།།ང་ལ་དཀྱིལ་འཁོར་གང་ཡང་མེད།།ང་ནི་ཆོས་ཉིད་མི་འཆད་དེ།།གཉིས་ཡོད་ན་ནི་ཉེས་པར་འགྱུར།།
iiif viewer powered by OpenSeadragon
285a - 286a