e-texts navigator
Collection
Volume
Page
Wylie

281b1 བར་ལྟུང་།།རྣམ་པར་དབེན་པའི་དོན་གྱིས་སྤངས།།རང་བཞིན་མོད་དང་མ་སྐྱེས་དང་།།སྟོང་པ་སྒྱུ་མ་དྲི་མོད་རྣམས།།སངས་རྒྱས་རྣམས་དང་ཁྱོད་ཀྱིས་ཀྱང་།།སུ་ཡི་ཕྱིར་ནི་དེ
281b2 དུག་བྲིཤད།།རྣལ་འབྱོར་ཅན་ནི་སེམས་གཙང་ལ།།ལྟ་བ་རྟག་གྲེ་རྣམ་སྤངས་པའི།།སངས་རྒྱས་རྣམས་ཀྱིས་རྣལ་འབྱོར་བཤད།།ངས་ཀྱང་རབ་ཏུ་བཤད་པ་ཡིན།།གལ
281b3 ཏེ་འདི་ཀུན་སེམས་ཡིན་ནོ།།འཇིག་རྟེན་ཅི་ལྔ་རབ་ཏུ་གནས།།ཅི་ཕྱིར་མི་རྣམས་འོང་འགྲོ་བརླ།།ས་ལ་རབ་ཏུ་སྣང་བར་གྱུར།།ཇི་ལྟར་བྱ་རྣམས་ནམ་མཁའ་ལ།།རྟོག་པས་ཀུན
281b4 ཏུ་བསྐྱོད་པས་ན།།གནས་མེད་རྟེན་པ་མེད་བཞིན་དུ།།ས་ཡི་སྟེང་བཞིན་དེ་དག་སྤྱོད།།དེ་བཞིན་ལུས་ཅན་ཐམས་ཅད་ཀྱང་།།རྣམ་པར་རྟོག་པས་བསྐྱོད་པས་ནོ།།དེ་དག
281b5 བདག་གི་སེམས་ལ་རྒྱུ།།ནམ་མཁའ་ལ་ནི་བྱ་བཞིན་ནོ།།ལུས་དང་ལོངས་སྤྱོད་གོནས་སྣང་བའི།།སེམས་ནི་རབ་ཏུ་འཇུག་བཤད་པ།།སྣང་དང་འཇུག་པ་ཇི་ལྟར་ཅིས།།
281b6 སེམས་ཙམ་པོ་ནི་བདག་ལ་གསུངས།།ལུས་དང་ལོངས་སྤྱོད་གནས་རྣམས་དྲང་།།སྣང་དང་འཇུག་པ་བག་ཆགྲས་དང་།།སྣང་དང་འཇུག་པར་རྣམ་རྟོག་པས།།མི་བརྩོན
281b7 རྣམས་ལ་སྐྱེ་བར་འགྱུར།།དངོས་པོ་རྣམ་པར་བརྟགས་པ་ཡུལ།།སེམས་ནི་ཡུལ་ལས་བྱུང་བ་སྟེ།།སྣང་བའི་སེམས་ནི་ཡོངས་ཤེས་པས།།རྣམ་པར་རྟོག་པ་མི་འཇུག་གོ།།




iiif viewer powered by OpenSeadragon

281a - 282a

Texts on this page

N95 - 'phags pa lang kar gshegs pa'i theg pa chen po'i mdo