e-texts navigator
Collection
Volume
Page
Wylie

280a1 སྟེགས་ཅན་གྱི་སྐྱོན་གྱིས་སྤངས།།འབྲེལ་པ་ཙམ་དུ་ངས་བཤད་དོ།།བྱིས་པ་རྣམས་ཀྱིས་མི་རིག་གོ།གང་ན་འབྲེལ་ལས་ལོག་ཞིག་ན།།དངོས་པོ་བསྐྱེད
280a2 པ་ཡོད་ཅེས་པ།།འབྲེལ་པ་རྣམ་པར་འཇིག་པ་སྟེ།།རྒྱུ་མེད་སྨྲ་བར་ཤེས་པར་བྱ།།གང་ན་འབྲེལ་ལས་ལོག་ཞིག་ན།།དངོས་པོ་སུ་ལ་ཡོད་ན་ནི།།མཱར་མི་བཞིན་དུ
280a3 རྫས་རིགས་རྣམས།།འབྲེལ་པ་སྣང་བར་བྱེད་པར་འགྱུར།།འབྲེལ་པ་དག་ལས་ལོག་ཞིག་ཏུ།།ཆོས་གྲང་མི་མཁས་རྟོག་པ་ནི།།མ་སྐྱེས་ངོ་བོ་ཉིད་མེད་དེ།།རླུང
280a4 བཞིན་ནམ་མཁའ་ལྟ་བུའོ།།འཕགས་པས་ཐོབ་པའི་ཆོས་ཉིད་ནི།།སྐྱེ་བ་མེད་པ་གཞན་ཡིན་ཏེ།།གང་དེའི་སྐྱེ་བ་མེད་པ་ནི།།དེ་ནི་མི་སྐྱེ་བཟོད་པ་ཡིན།།ནམ་ཞིག་འཇིག
280a5 རྟེན་འདི་དག་ཀུན།།འདི་ནི་འབྲེལ་པ་ཙམ་མོ་ཞེས།།འབྲེལ་པ་ཉིད་དུ་མཐོང་བ་ན།།དེ་ན་སེམས་ཀྱང་མཉམ་པར་འཇོག།མི་ཤེས་སྲེད་པ་ལུས་ལ་སོགས།།འབྲེལ་པ
280a6 དག་གི་ནང་གི་ཡིན།།འཁོར་ལོ་འཇིམ་ཤིང་སྲུབ་ལ་སོགས།།ས་བོན་འབྱུང་སོགས་ཕྱི་རོལ་ལོ།།འདི་ནི་འབྲེལ་པཱ་ཙཱམ་ཡིན་ཏེ།།གང་གི་དངོས་པོ་རྐྱེན་གཞན་ལས།།།
280a7 གང་ཡང་སྐྱེ་བར་འདོད་པ་ནི།།འཐད་དང་ལུང་ལ་དེ་མི་གནས།།གལ་ཏེ་བསྐྱེད་བྱའི་དངོས་མེད་ན།།བློ་ཡང་གང་གི་རྐྱེན་ལས་བྱུང་།།འདི་དག་ཕན་ཚུན་རྐྱེན་གྱུར་པས།།




iiif viewer powered by OpenSeadragon

279b - 280b

Texts on this page

N95 - 'phags pa lang kar gshegs pa'i theg pa chen po'i mdo