| | e-texts navigator
|
437a1 བསྟན།འཛུམ་པ་མཛད་དེ་བདག་ལྔ་བསྟན་དུ་གསོལ།།དེ་སྐད་ཅེས་གསོལ་བ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད
437a2 ཅེས་བཀའ་སྩལ་ཏོ།།ཀུན་དགའ་བོ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ཤིང་ཏ་ལ་བདུན་སྲིད་ཀྱི་སྟེང་གི་བར་སྣང་ལ་འདུག་པ་འདི་མཐོང་ངམ།གསོལ་པ།བཅོམ་ལྡན
437a3 འདས་མཐོང་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བ་བསམ་གྱིས་མི་ཁྱབ་པ་འདི་བསྐལ་པ
437a4 གྲངས་མེད་པར་རྒྱའི་འོག་ཏུ་བསྐལ་པ་ཀུན་ཏུ་སྣང་བྱེད་ཅེས་བྱ་བ་ལ།འཇིག་རྟེན་གྱི་ཁྲིམས་རྣམ་པར་སྦྱོང་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
437a5 པའི་སངས་རྒྱས་རིག་པ་དང་།ཞབས་སུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པོ།སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།བླ་ན་མེད་པ།ལྷ་དྲང་མི
437a6 རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་སྣང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཉིད་དུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།།ཀུན་དགའ་བོ་འཇིག་རྟེན་གྱི་ཁམས
437a7 རྣམ་པར་སྦྱོང་བ་དེ་ནི་འདི་ལྟ་བུར་ཡོངས་སུ་དག་པར་འགྱུར་ཏེ།དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་ལྟ་བུར་འགྱུར་རོ།།།
iiif viewer powered by OpenSeadragon
436b - 437b