| | e-texts navigator
|
426a1 ཕྱིན་ཅི་ལོག་ལས་བྱུང་བ་རྣམས།།ཡོངས་སུ་བརྟགས་ལྔས་སྐྱེས་པ་སྟེ།།རྟོག་པ་ཐམས་ཅ་སྨང་བའི་ཕྱིར།།སྐྲག་ཆགས་རྣམས་ལ་ཆོས་སྟོན
426a2 ཏོ།།ཁྱེའུས་གསོལ་པ།རྣམ་བརྟག་མང་པོ་ཅི་འཚུལ་ཏེ།།སེམས་ནི་རང་བཞིན་འོདདི་གསལ་ཞིང་།།དེ་ལ་ཉོན་མོངས་མི་འབྱུང་སྟེ།།ནམ་ཡང་ཉོན་མོངས་དེ་མི
426a3 འགྱུར།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཇི་སྐད་སྨྲས་པ་དེ་བཞིན་ཏེ།།སེམས་ནི་རྟག་ཏུ་འོད་གསལ་ཀྱང་།།གློ་བུར་ཉེ་བུའི་ཉོན་མོངས་ཀྱིས།།སོ་སོའི
426a4 སྤྱི་བོ་ཉོན་མོངས་འགྱུར།།ཁྱེའུས་གསོལ་པ།ཉོན་མོངས་དམིགས་སུ་མ་མཆིས་ཏེ།།དེ་དག་ཕྱོགས་ན་མི་གནས་ན།།གློ་བུར་དུ་ནི་ཇི་ལྟར་འགྱུར།།དེ་ཞུས་བདག
426a5 ལོ་བཤད་དུ་གསོལ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།དཔེར་ན་སྤྲིན་རྣམས་བར་སྣང་ལོ།།སྣང་ཡང་དེ་དག་དེ་བཞིན་མིན།།ཉོན་མོངས་འབྱུང་བའང་དེ་འདྲ
426a6 སྟེ།སྣང་ཡང་དེ་དག་དེ་བཞིན་མིན།།ཁྱེའུས་གསོལ་པ།མ་ནོར་དེ་བཞིན་གང་ལགས་པ།།ཆོས་གནས་ཉིད་དེ་ཆོས་ཉིད་དོ།།མནོར་དེ་བཞིན་ཉིད་ཆོས་ལ།ནོར
426a7 བའི་དེ་བཞིན་ཉིད་མི་དམིགས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།བྱིས་པ་འདུ་ཤེས་ལྡན་རྣམས་ཀྱི།།ལེག་པར་རྣམ་པར་གང་བརྟགས་པ།།བློ་དེ་རྟོགས
iiif viewer powered by OpenSeadragon
425b - 426b