| | e-texts navigator
|
425b1 ཅན་འདུ་ཤེས་མ་མཆིས་ན།།ཐུགས་རྗེ་གང་དུ་སྐྱེ་བར་འགྱུར།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།བྱང་ཆུབ་སེམས་ནི་རབ་བཟུང་ནས།།ཡོད་མིན་སེམས་ཅན
425b2 རྣམས་ལ་ཡང་།།མི་མཆོག་རྣམས་ནི་གོ་གྱོན་པོ།།རང་བྱུང་རྣམས་ཀྱི་བྱིན་བརླབས་སོ།།ཁྱེའུས་གསོལ་པ།དངོས་པོ་གང་ན་མི་དམིགས་པས།།གོ་ཆ་ཐམས་ཅད
425b3 བརྫུན་པ་ལགས།།དངོས་པོ་མ་མཆིས་ཆོས་རྣམས་ལྔ།།གོ་ཆུ་དམྱིགས་པ་མ་མཆིས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཆོས་རྣམས་དངོས་པོ་ཡོད་མིན
425b4 ཡང་།།སྲོག་ཆགས་རྣམས་ལ་ཆོས་སྟོན་འདྲི།།འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱི།།ཐུགས་རྗེས་རྣམ་པར་རོལ་པ་ཡིན།།ཁྱེའུས་གསོལ་པ།ཆོས་ནི་ཡི་གེ་མ་མཆིས
425b5 ན།།བཤད་པ་གུད་ན་ག་ལ་མཆིས།།འཇིག་རྟེན་རྣམས་ལ་སླུ་མཛད་དམ།།ཆོས་མ་ལགས་པ་ཆོས་བཤད་དམ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།ང་ནི
425b6 འཇིག་རྟེན་སྐུ་མ་ཡིན།།ཆོས་མ་ཡིན་པ་ང་མི་སྨྲ།།ཕྱིན་ཅི་ལོགས་གྱུར་སེམས་ཅན་གྱི།།ཉོན་མོངས་སེལ་བར་དེ་བྱེད་དོ།།ཁྱེའུས་གསོལ་པ།ཉོན་མོངས་རྩ་བ་མ
425b7 མཆིས་ཏེ།།ནང་ངམ་ཕྱི་རོལ་རྣམས་ན་ཡང་།།དེ་དག་རྣམས་ཀྱི་གནས་མ་མཆིས།།ཉོན་མོངས་ཇི་ལྟར་རྣམ་པོར་སྦྱང་།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།
iiif viewer powered by OpenSeadragon
425a - 426a