e-texts navigator
Collection
Volume
Page
Wylie

425a1 ཁྱེའུས་གསོལ་པ།གཽ་ཏ་མ་ཁང་སྟོང་སྙམ་པ་ཡི།།འདུ་ཤེས་ང་དུང་མངའ་བ་བལྟ།།བྱང་ཆུབ་སྙིང་པོར་ཁྱོད་བཞུགས་ནས།།འདུ་ཤེས་ཡོངས
425a2 སུ་མ་མཁྱེན་ཏམ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།ངས་ནི་འདུ་ཤེས་ཡོངས་ཤེས་ཏེ།།ང་ལ་འདུ་ཤེས་ཡོད་མ་ཡིན།།ཁྱོད་ཉིད་ལ་ནི་སྙིང་བརྩེ་བས།།
425a3 ཁང་པ་སྟོང་པ་འདིར་འོངས་སོ།།ཁྱེའུས་གསོལ་པ།།སེམས་ཅན་དག་ནི་བར་འགྲའ་ཡང་།།གང་ཚེ་ཤིན་ཏུ་མི་དམིགས་པ།།དེ་ཚེ་ཐུགས་རྗེ་གྲང་དུ་བྱུང་།།ཁྱོད
425a4 ནི་སུ་ལ་ཐུགས་བརྩེ་མཛད།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།བདག་མེད་ཞི་བ་སྟོང་པ་ཉིད།།སེམས་ཅན་འདི་དག་མི་ཤེས་ཏེ།།དེ་དག་ཉིད་ལ་སྙིང་བརྩེ་ཕྱིར།།
425a5 བསོད་ནམས་སྤྱད་པ་སྤྱོད་པ་ཡིན།།ཁྱེའུས་གསོལ་པ།སྟོང་པ་ཞི་བར་ཐུགས་ཆུད་ནས།།ཞི་བ་སྟོང་པ་ཉིད་མཁྱེན་ཀྱང་།།དེ་བཞིན་གཤེགས་པ་ད་དུང་དུ།།ཕྱིན
425a6 ཅི་ལོག་ཀྱང་མ་སྤོངས་སོམ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཞི་བ་སྟོང་པ་ཉིད་རྟོགས་ནས།།སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར།།འདྲེན་པ་ཆོས
425a7 སྟོན་མཛད་པ་འདི།།སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཡིན།།ཁྱེའུས་གསོལ་པ།དེ་བཞིན་གཤེགས་པ་ད་དུང་དུ།།ཁྱོད་ཀྱིས་ཕྱིན་ཅི་ལོག་མ་སྤངས།།སེམས




iiif viewer powered by OpenSeadragon

424b - 425b

Texts on this page

N91 - 'phags pa khye'u snang ba bsam gyis mi khyab pas bstan pa zhes bya ba'i chos kyi rnam grangs