| | e-texts navigator
|
346a1 པོའི་ཚེ།།ཆོས་དེ་ཐོས་ནས་དགའ་བ་ཐོབ་པར་འགྱུར།།ད་ནི་དམིགས་པ་འབའ་ཞིག་འཆད་པ་ཡིན།།འཇིགས་མེད་ང་ཡི་ཚིག་དེར་དད་པར་བྱོས།།གང
346a2 གི་འདི་ན་སྟོན་པ་མཐོང་གྱུར་པ།།དེ་དག་ཆོས་དེ་འཛིན་པར་སྤྲོ་བར་འགྱུར།།ཡེ་ཤེས་དེ་འདྲ་དེ་ནི་འཆོལ་བྱེད་ཅིང་།།དེ་ཚེ་འདྲེན་པ་རྣམས་ལ་མཆོད་པར་བྱེད།།རིང་བསྲེལ
346a3 མཆོད་དང་དེ་བཞིན་མཆོད་རྟེན་མཆོད།།འཇིགས་མེད་དེ་དག་དེར་ནི་བྱེད་པར་འགྱུར།།ཡོངས་སུ་གཏད་པ་ཕན་ཡོན་གྱི་ལེའུ་སྟེ་བཅོ་ལྔ་པའོ།།།དེ་ནས་ཚེ་དང་ལྡན་པ་ཀུན
346a4 དགའ་བོ་སྟན་ལས་ལངས་ནས།བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།།པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ
346a5 ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།དེ་ཇི་ལྟར་གཟུང་བར་བགྱི།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད
346a6 ཅེས་བཀའ་སྩལ་ཏོ།།ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བར་གཟུང་ཞིག།བསོད་ནམས་ཀྱི་ཚོགས་གནས་ཞེས་བྱ་བར་ཡང
346a7 གཟུང་ཞིག།བྱང་ཆུབ་སེམས་དཔའ་འགྲགས་པ་ཞེས་བྱ་བར་ཡང་གཟུང་ཞིག།བྱང་ཆུབ་སེམས་དཔས་ཞུས་པ་ཞེས་བྱ་བར་ཡང་བཟུང་ཞིག།ཐེ་ཚོམ་ཐམས་ཅད་གཅོད
iiif viewer powered by OpenSeadragon
345b - 346b