e-texts navigator
Collection
Volume
Page
Wylie

345a1 ཏེ་འོད་སྲུངས་སོང་།།སྟོང་གསུམ་འཇིག་རྟེན་ཁམས་འདི་སྐྱེ་བོ་དང་།།རྒྱ་མཚོ་རི་དང་ནགས་ཚུལ་བཅས་གཟུང་ཞིང་།།ཁུར་གཞན་མང་པོ་བསྐུར་བར་སྒོ
345a2 ལགས་ཀྱི།།ཁུར་འདི་བསྒྱུར་བར་བདག་ནི་མི་སྤྲོ་ལགས།།སླད་མའི་དུས་ནོ་སུ་ཞིག་ཆོས་འཛིན་ལགས།།ང་ཉིད་དགེ་སློང་ཤིན་ཏུ་དབང་བགྱི་དཀའ།།རྗེས་སུ་བསྟན་པ་འདྲི་ལ
345a3 གནས་མི་བགྱིད།།འཇིག་རྟེན་འདྲེན་པ་མྱ་ངན་འདས་ཅི་སྨོས།།འོད་སྲུངས་ཁྱོད་ནི་རྒས་འཁོགས་གྱུར་ཏོ་ཞེས།།སླད་དུས་བདག་གི་ཚིག་བཞིན་ཡོང་མི་བགྱིད།།བདག་གི
345a4 རྗེས་སུ་བསྟན་ལ་གནས་མི་འགྱུར།།བདོག་ཅག་འདི་ནི་མཁས་ཤིང་དོན་སེམས་སྙམ།།སྙན་དངགས་འཇིག་རྟེན་རྒྱང་པ་ན་སེམས་པ་ལགས།།དེ་བཞིན་འཇིག་རྟེན་སྒྲ་ཡིས
345a5 གནས་པ་ལེགས།།བསམ་གཏན་དེ་བཞིན་ཏིང་ངེ་འཛིན་སྤངས་ནས།།དེ་དག་འཇིག་རྟེན་པ་ལ་སྤྱོད་པར་འགྱུར།།རྒྱས་པ་ཆེ་དང་གྲགས་པ་ཆེན་པོ་ལགས།།རྟག་ཏུ་འཇིག
345a6 རྟེན་གྱིས་ཀྱང་མཐོང་བར་འགྱུར།།དེ་དག་བདག་གིས་ནམ་ཡང་བརྟག་མི་ནུས།།སྐྱོན་རྣམས་དམོ་པོ་དག་ནི་མཐོང་ལགས་སོ།།བདག་ནི་གཅིག་པུར་དགོན་པར་གནས་པ་ན།།
345a7 ལྷ་ཞིག་མཆིས་ནས་བདག་ལ་འདི་སྐད་བརྗོད།།ཆོས་དེ་འདྲ་བར་རྒྱལ་བ་རྣམས་ཀྱིས་བསྟན།།འཕགས་པའི་ཆོས་ལ་སེམས་ཅན་མང་པོ་བཏུལ།།དགེ་སློང་བསམ་གཏན




iiif viewer powered by OpenSeadragon

344b - 345b

Texts on this page

N89 - 'phags pa dge ba'i rtsa ba yongs su 'dzin pa zhes bya ba theg pa chen po'i mdo