e-texts navigator
Collection
Volume
Page
Wylie

344a1 དག་མཛད།།ཇི་ལྟར་མོས་ལ་དེ་བཞིན་བྱིན་གྱིས་རློབ།།ཡེ་ཤེས་དེ་བཞིན་དེ་ཡི་དེ་ལྟར་བསྟན།།དེ་དག་བསྟན་པས་མོས་པ་སྐྱེ་བར་འགྱུར།།འདི་ནི་དེ
344a2 ཡི་རྨད་བྱུང་ཆོ་འཕྲུལ་ཡིན།།གལ་ཏེ་རང་གི་གནས་པ་བསྟན་གྱུར་ན།།མཁས་པ་མ་ཡིན་མི་རྣམས་མྱོས་པར་འགྱུར།།ང་ཡི་སྤྱོད་ཡུལ་གང་དང་གནོས་པ་གང་།།དེ་མཐོ
344a3 དགའ་བ་སུ་ཞིག་བསྐྱེད་མི་བྱེད།།དེ་དག་ང་ཡི་སྤྱོད་ཡུལ་ཤེས་ནས་སུ།།དེ་དག་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར།།དེ་ཚོ་མོས་པ་སྣ་ཚོགས་ཆོས་སྨྲ་རྣམས།།དེ་དག
344a4 ང་ཡི་སྤྱོད་ཡུལ་ཀུན་མོ་ཤེས།།གང་གིས་ཀུན་མཁྱེན་སྤྱོད་ཡུལ་མི་ཤེས་པ།།དེ་དག་ཆོས་ཀྱི་ཚིག་ཉུང་སྟོན་པར་བྱེད།།དེ་དག་གི་ནི་དམིགས་པ་གྲང་ཡང་མེད།།མཐོང
344a5 ནས་དེ་དག་ཡིད་ལ་གནོད་པར་འགྱུར།།གང་དག་རྒྱལ་བའི་ཆོས་ཉིད་དེ་ཤེས་པ།།དེ་དག་ཡིད་ལ་ནམ་ཡང་གནོད་པ་མེད།།འདི་ལྟར་ཆོས་མཉམ་ཉིད་ཀྱི་སྤྱོད་ཡུལ་ལྔ།།
344a6 དེ་དག་ཐམས་ཅད་རབ་ཏུ་གནས་པ་ཡིན།།གང་དག་ང་ཡི་མདུན་ན་ཐལ་སྦྱར་ཅིང་།།འཁོད་པའི་དགེ་སློང་བརྒྱད་འདི་མ་གཏོགས་པ།།བློ་གློས་བརྟན་པ་ཕྱི་མིའི་དུས་ན་འདིར།
344a7 མདོ་སྡེ་འདི་འཛིན་སུ་ཡང་འབྱུང་མི་འགྱུར།།བློ་གྲོས་བརྟན་པ་འདི་དོག་རྟག་ཏུ་ཡང་།།འདས་པའི་སངས་རྒྱས་མཚུངས་མེད་སྤྱོད་ཡུལ་ཡིན།།དེ་དག་རྟག་པར་སྔོན་དུ་འདྲ




iiif viewer powered by OpenSeadragon

343b - 344b

Texts on this page

N89 - 'phags pa dge ba'i rtsa ba yongs su 'dzin pa zhes bya ba theg pa chen po'i mdo