e-texts navigator
Collection
Volume
Page
Wylie

343b1 རྒྱལ་བ་དག་ནི་ཆོ་འཕྲུལ་སྤྲུལ།།ང་ཡི་ཏིང་ངེ་འཛིན་ནི་ཀུན་ནས་སྣང་།།སངས་རྒྱས་ཞིང་ནི་ཀུན་ནས་སྣང་བར་བྱེད།།ལྷུན་པོའི་རྒྱལ་མཚན་འོད་ཟེར་ཞེས་བྱ་འཕགས།།དཔའ་བར
343b2 འགྲོ་བ་ཞེས་བྱའི་ཏིང་འཛིན་འཕགས།།ཆོས་རྣམས་ཀུན་གྱིས་ཁྱབ་པར་མཐོང་ལྡན་པ།།རྣམ་དག་ཁ་ཅིག་སངས་རྒྱས་སྤྲུལ་འདིར་མཐོང་།།ཁ་ཅིག་ལྷུམས་ཞུགས་མཐོང་ཞིང་བཙས
343b3 པ་དང་།།འཇིགས་མེད་མི་སྐྲག་གོམ་བདུན་འདོར་འདིར་མཐོང་།།དེ་ནི་རྒྱལ་བ་བྱང་ཆུབ་འཚང་རྒྱ་སྙམ།།ས་ཡ་སྙིང་པོར་བྱང་ཆུབ་བཞགས་པར་མཐོང་།།ཆོས་ཀྱི་འཁོར་ལོ་བསྐོར
343b4 བར་འགྱུར་སྙམ་བྱེད།།ཁ་ཅིག་བྱང་ཆུབ་ཕྱིར་ནི་སྤྱོད་སྙམ་བྱེད།།ཏིང་འཛིན་གང་ལ་གནས་ནས་རྣམ་འཕྲུལ་པའི།།ཏིང་འཛིན་གཟི་བརྗིད་དེ་ནི་ཅི་འདྲ་ལྟོས།།ཁ་ཅིག་ང་ཡི་སྐུ་ཚེ་བསྐལ
343b5 པར་སེམས།།ཁ་ཅིག་ཀྱང་ནི་བསྐལ་པ་ཕྱེད་དུ་སེམས།།དེ་ཚེ་ཁ་ཅིག་བར་གྱི་བསྐལ་པར་སེམས།།གཉིས་གསུམ་བཞི་དང་དེ་ལས་ལྷག་པར་ཡང་།།དེ་ཚེ་ཁ་ཅིག་ལོ་ནི་བྱི་བར་སེམས།།།
343b6 ཁ་ཅིག་གི་ནི་མང་ཉུང་རབ་ཏུ་མཐོང་།།ཛམྦུའི་གླེང་འདིར་ང་ཡི་སྐྲ་ཆེ་ནི།།ལོ་གྲངས་བརྒྱད་ཅུ་ཡིན་པར་མི་རྣམས་ཤེས།།ཁ་ཅིག་དེར་ནི་སྐུ་ཚེ་ཉིན་མཚན་ཤེས།།ཁ་ཅིག་གིས་ནི་སྐུ་ཚེ
343b7 རིང་པོར་ཤེས།།སྟོང་གསུམ་འཇིག་རྟེན་དུ་ནི་ལྷ་རྣམས་ཀྱི།།ཉིན་མཚན་ཅི་འདྲ་དེ་བཞིན་གཞན་དུ་སེམས།།དེ་དག་ཇི་ལྟར་མོས་པ་དེ་བཞིན་ཤེས།།དེ་བཞིན་དུ་ནི་དེ་ལ་གདམས




iiif viewer powered by OpenSeadragon

343a - 344a

Texts on this page

N89 - 'phags pa dge ba'i rtsa ba yongs su 'dzin pa zhes bya ba theg pa chen po'i mdo