e-texts navigator
Collection
Volume
Page
Wylie

342a1 རྒྱས་རེ་རེ་རེ་རེ་ལ་དྲུང་།།མཆོད་པའི་དོན་ཕྱིར་ནོར་བསགས་པ།།སྟོང་གསུམ་ལས་ནི་མི་ཉུང་གི།།འཇིག་རྟེན་ཁམས་ནི་ཡོངས་སུ་གང་།།རྒྱུས
342a2 སུ་དཔག་པ་དེ་ཡིས་སུ།།ཉན་ཐོས་དང་ནི་རྒྱལ་བར་བཅས།།དེ་ལ་བསྐལ་པ་རྫོགས་ཚང་བ་རཾ།།སངས་རྒྱས་ཀུན་ལ་རིམ་གྲོ་བྱེད།།འཇིག་རྟེན་མགོན་པོ་གྲགས་ཆེན་པོ།
342a3 གང་དག་མ་བྱོན་སངས་རྒྱས་རྣམས།།དེ་དག་ལ་ཡང་འདུ་བྱེད་འགྱུར།།དེ་འདྲ་བ་ཡི་མཆོད་པའང་བྱེད།།བསོད་ནམས་ཕུང་པོ་ཇི་སྙེད་པའང་།།བློ་གྲོས་བརྟན་པ་དེ་འཛིན
342a4 བྱེད།།སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ།།ཡེ་ཤེས་དམ་པ་འཆོལ་བར་བྱེད།།གང་དག་བྱང་ཆུབ་དོན་གཉེར་བས།།ཏིང་ངེ་འཛིན་འདི་བསྒོམ་པར་བྱ།།གང་གིས
342a5 འཛིན་འདི་བསྒོམས་པས།།དེ་ནི་ཐོས་པས་འཕགས་པར་འགྱུར།།གང་གིས་ཏིང་འཛིན་འདྲི་བསྒོམས་དང་།།གང་དག་བསྒོམ་པར་འགྱུར་རྣམས་ཀྱི།།བསོད་ནམས་ཕུང་པོ་དེ
342a6 ལ་ནཱི།།ཆང་ཡོད་དོ་ཞེས་ང་མི་སྨྲ།།ཏིང་ངེ་འཛིན་འདི་བསྒོམས་པ་ཡི།།བསོད་ནམས་འདི་ནི་རབ་ཏུ་མང་།།ཤེས་པ་དེ་ནི་རྣམ་པར་འཕེལ།།སངས་རྒྱས་མཆོད་པས་དེ
342a7 ལྟ་མིན།།མེ་ཏོག་སྤོས་དང་ཕྲེང་བ་དང་།།བཟའ་བ་དག་དང་བཏུང་བ་དང་།།ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བ།།དེ་ནི་སངས་རྒྱས་བསྙེན་བཀུར་མིན།།བརྟན་པའི་བླ




iiif viewer powered by OpenSeadragon

341b - 342b

Texts on this page

N89 - 'phags pa dge ba'i rtsa ba yongs su 'dzin pa zhes bya ba theg pa chen po'i mdo