| | e-texts navigator
|
338a1 བསམ་གཏན་པའང་ཡིན་ཏེ།བརྟན་པའི་བློ་གྲོས་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔས་ནི་ཏིང་ངེ་འཛིན་དེ་ཐོབ་པར་ནུས་སོ།།དེ་ལ་འདི
338a2 སྐད་ཅེས་བྱ་སྟེ།གལ་ཏེ་དགེ་བའི་བ་ཤེས་གཉེན་གྱིས།།འདི་ལྟར་རྗེས་སུ་མཐུན་འདོམས་བྱེད།།སངས་རྒྱས་རྣམས་ཀྱིས་བགྲོད་བྱབ།དེ་མི་སྤྱོང་བར་ང་སྨྲའོ།།བརྟན་པའི
338a3 བློ་གྲོས་ཆོས་བཞི་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་སྟེ།བཞི་གང་ཞེ་ན།དགེ་བ་ལ་སྦྱོར་བར་བྱེད་པ་ཉིད་ཡིན།སྡིག་པ་ལས་ཟློག་པར་བྱེད་པ་ཉིད་ཡིན།
338a4 ཆེཆོས་ལའང་རབ་ཏུ་གཞོག་པར་བྱེད་པ་ཡིན།རྗེས་སུ་མཐུན་པའི་རྗེས་སུ་བསྟན་པའང་སྦྱིན་པར་བྱེད་པ་ཡིན་ཏེ་བཞི་པོ་དེ་དག་གོ།།དེ་ལ་འདི་སྐད་ཅེས་བྱ་སྟེ།དགེ་བའི་བཤེས
338a5 གཉེན་རྟག་ཏུ་བསྟེན་པར་བྱ།།གང་དག་སྡིག་པའི་ཆོས་རྣམས་ཟློག་བྱེད་ཅིང་།།རྒྱལ་པོས་གནང་བའི་ཆོས་ནི་སྟོན་བྱེད་པ།།སྐྱེས་མཆོག་དེ་འདྲ་དེ་དག་བསྟེན་པར་བྱ།།གང
338a6 ལས་ཆོས་ནི་འབྱུང་བར་འགྱུར་བ་ཡི།།དཔའ་བོ་དག་ནི་རྗེས་མཐུན་གདམས་ངག་སྦྱིན།།ཇི་ལྟར་བསྟན་པ་བཞིན་དུ་ཆོས་ལ་གནས།།ཆོས་ལ་གནས་ནས་ཀྱང་ནི་ཁྱད་པར
338a7 འགྲོ།།གང་དག་བསྟེན་པར་བྱ་བའི་ཆོས་རྣམས་སྟེན།།གང་དག་བསྟེན་པར་བྱ་བའི་ཆོས་རྣམས་ཤེས།།རྣམ་པར་སྤང་བར་བྱ་བའང་རྣམ་སྤངས་ནས།།རྒྱལ་པོས་གནང
iiif viewer powered by OpenSeadragon
337b - 338b