e-texts navigator
Collection
Volume
Page
Wylie

82b1 བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་དོ།།རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དེ་ན་གཞན་མུ་སྟེགས་ཅན་དང་སྤྱོད་པ་པ་དང་ཀུན་ཏུ་རྒྱུ་དང་བྲམ་ཟེ་དང་ཁྱིམ་བདག་གང།
82b2 ངག་གིས་ཐོས་པ་དེ་དག་ནི་ངོ་མཚར་དུ་གྱུར་ནས་འཁོར་གྱི་ཁྱམས་དེར་དོང་སྟེ།དེ་རིང་དགེ་སྦྱོང་གོའུ་ཏ་མ་ལ་ཐོ་འཚམ་པར་ལྟ་བར་བྱའོ་སྙམ་མོ།།རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དེ་ན་དད
82b3 པའི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མོ་གང་དག་འཁོད་པ་དེ་དག་ནི་འཁོར་གྱི་དཀྱིལ་འཁོར་དེར་དོང་ནས།དེ་རིང་དེ་བཞིན་གཤེགས་པ་ལ་བགམ་པ་ཡང་མཉན་པར
82b4 བྱ།ཆོ་འཕྲུལ་ཆེན་པོ་ཡང་བལྟ་བར་བྱའོ་སྙམ་མོ།།དེ་ནས་སྒྱུ་མ་མཁན་བཟང་པོས་ང་རྒྱལ་དང་རྒྱགས་པ་དང་ཁེངས་པ་ངེས་པར་བཅོམ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས
82b5 ཕྱག་འཚལ་ཏེ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རྣམ་པར་ཐོ་བརྩམ་པའི་བསམ་པ་ཆེན་པོས་དེ་བཞིན་གཤེགས་པ་འདིར་གཤེགས་སུ་གསོལ་པ
82b6 གང་ལགས་པའི་ནོངས་པ་འཆགས་སོ།།བཅོམ་ལྡན་འདས་གཞན་ཡང་ཞལ་ཟས་སྤྲུལ་པ་དང་རིམ་གྲོ་བགྱིད་པ་སྤྲུལ་པ་དང་།སེང་གེའི་ཁྲི་སྤྲུལ་པ་དང་།འཁོར་གི་ཁྱམས་སྤྲུལ་པ་དེ་ལ
82b7 བདག་འདི་སྙམ་དུ་སེམས་ཅན་མཆོག་དེ་ལྟ་བུ་དེ་ལ་བསླུས་པར་གྱུར་ན་མི་རུང་གིས་བྱ་བ་འདི་མ་མཆིས་པར་བགྱི་སྙམ་ཏེ་ཤིན་ཏུ་སྤངས་ཀྱང་མི་མཆི་བ་ལྔར་མ་བཏུབ།གསང་སྡིགས་དང་རིག




iiif viewer powered by OpenSeadragon

82a - 83a

Texts on this page

N52 - 'phags pa sgyu ma mkhan bzang po lung bstan pa zhes bya ba theg pa chen po'i mdo