| | e-texts navigator
|
80a1 མང་ཡ་ཡས་མཆ་བཐམས་སམམམསམམམ།ས་མམན་ཐམ་མམམ་ཐས་མམམཡམམས་མམས་ཁས་ལམས་མ་ཨ་མ་ཡས་མ་ཡམ་མ་ཡས
80a2 ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ངག་མཐུན་པར་ཚིག་ཏུ་སྨྲས་པ།བཅོམ་ལྡན་འདས་བདག་ཅག་གིས་ལེགས་པར་རྙེད་པ་ལེགས་པར་རྙེད་དེ།སྟོན་པ
80a3 འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་དབང་ཆེ་བར་གྲགས་པ་འདི་ལྟར་མཐུ་ཆེ་བ་ནི་བདག་ཅག་གིས་ལེགས་པར་རྙེད་པ་ལགས་སོ།།བཅོམ་ལྡན་འདས་གང་དག་དེ་བཞིན་གཤེགས་པའི
80a4 ཆོ་འཕྲུལ་འདི་ཐོས་ནས་མོས་པར་བགྱིད་ཅིང་།མོས་པར་བགྱིས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་པ་དེ་དག་ཀྱང་རྙེད་པ་ལེགས
80a5 པར་རྙེད་པ་ལགས་སོ།།དེ་ནས་སྒྱུ་མ་མཁན་བཟང་པོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་སྟེ།དེ་ཉིད་ཀྱི་ནུབ་མྱོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཕྱོགས་གང་ན་གྲོང
80a6 ཁྱེར་ཐམས་ཅད་ཀྱི་བརྩོག་དགུ་དང་།མི་མཐུན་པ་ཐམས་ཅད་འབབ་པ་དང་འབྱུང་བའི་ས་ཕྱོགས་དེར་འཁོར་གྱི་ཁྱམསྣ་ཆེན་པོ་དར་གྱི་ལྡ་ལྡི་དང་གདུགས་དང་རྒྱལ་མཚན་དང་བ་དྲན་བསྒྲེང
80a7 བས་བརྒྱན་པ།གཞི་ལག་མཐིལ་ལྟར་མཉམ་པ་མེ་ཏོག་བཀྲམ་པ་སྤོས་བཟང་པོ་མཆོག་གིས་བདུགས་པ་སྟེང་དུ་བླ་རེ་བྲེས་པ་ཞིག་མངོན་པར་སྤྲུལ་ཏོ།།འཁོར་གྱི་ཁྱམས་དེའི་ནང་དུ
80a8 ཡང་རིན་པོ་ཆེའི་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུར་བཅས་པ་བརྒྱད་སྟོང་མངོན་པར་སྤྲུལ་ཏོ།།རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ཀྱི་དྲུང་དུ་ཡང་སེང་གེའི་ཁྲི་རས་བཅོས་བུ་དུ་མས
iiif viewer powered by OpenSeadragon
79b - 80b